ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱ་ཆེད་ཡང་བསྐྱར་བོད་མི་ཞིག་གིས་རང་གིས་རང་ལ་གྲི་བརྒྱབས་ཡོད་པ།


བོད་ས་ཚ་བ་མཛོ་སྒང་རྫོང་གི་ནང་། རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་བར་ངོ་རྒོལ་བྱ་རྒྱུའི་ཆེད་དུ། ཟླ་བ་སྔོན་མའི་ནང་བོད་མི་འཕགས་པ་རྒྱལ་མཚན་ཞུ་བ་ཞིག་གིས་རང་གིས་རང་ལ་གྲི་བརྒྱབས་ཏེ་སློབ་ཁང་ཐོགས་རྩེགས་ཅན་ཞིག་ནས་མཆོངས་ཏེ་འདས་གྲོངས་སུ་གྱུར་བའི་རྗེས། དེ་ཉིན་རང་ཡང་བོད་མི་གཞན་ཞིག་གིས་ཀྱང་དེ་མཚུངས་བྱས་པའི་གནས་ཚུལ་བྱུང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG