ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བཅིངས་འགྲོལ་དམག་གི་དམག་སྒར་སྒོ་འགྲམ་དེར་རང་སྲེག་ངོ་རྒོལ།


དེ་རིང་ཕྱི་ཟླ་༡༠་ཚེས་༢༣་ཉིན་སླར་ཡང་བོད་ཀྱི་མདོ་སྨད་བླ་བྲང་ས་ཁུལ། བསང་ཆུ་རྫོང་མི་དམངས་བཅིངས་འགྲོལ་དམག་གི་དམག་སྒར་སྒོ་འགྲམ་དེར་རང་ལོ་༥༧་ལ་སོན་པའི་ཟ་ཡུས་སྡེ་བའི་སྡེ་དཔོན་ཟུར་པ་རྡོ་རྗེ་རིན་ཆེན་གྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། རྡོ་རྗེ་རིན་ཆེན་དམ་པ་དེ་ཉིད་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་ཤེས་ཡོན་སློབ་སྦྱོང་ཡོད་པ་ཞིག་ཡིན་པ་མ་ཟད། ཁོང་ནི་རྒྱུན་དུ་བོད་མི་རིགས་ཀྱི་ལ་རྒྱ་འཛིན་མཁན་ཞིག་ཀྱང་ཡིན་པ་དང་། རྡོ་རྗེ་རིན་ཆེན་དམ་པ་དེར་ཤུལ་ལུས་ཨ་མ་ལོ་ན་བརྒྱད་ཅུ་གྱ་གྲངས་ཅན་ཞིག་དང་བཟའ་ཟླ་ཀླུ་ཐར། བུ་རྟ་བྷོ་དང་བུ་མོ་རིག་འཛིན་འཚོ་བཅས་ཡོད་ཅིང་། རང་སྲེག་ངོ་རྒོལ་བ་རྡོ་རྗེ་རིན་ཆེན་གྱི་འཚོ་བརྟེན་ནི་ས་མ་འབྲོག་དང་ཚོང་ལས་བཅས་ལ་བརྟེན་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་དམ་པ་དེའི་ཚ་མོ་ཚེ་རིང་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
please wait

No media source currently available

0:00 0:05:50 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG