ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སན་ཊོ་རམ་ཕྱིར་འཐེན།


ཕྱི་ལོ་༢༠༡༢་ཀྱི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམ་སྐབས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་དེ་ལ་སྲིད་འཛིན་ལས་ཐོག་བྷ་རག་ཨོ་བྷ་མ་བསྐྱར་དུ་སྲིད་འཛིན་འོས་འདེམ་ལ་འགྲན་ཞུགས་བྱ་རྒྱུ་གཏན་འཁེལ་ཡོད་པ་དང་། ཐོག་མར་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་ཁོངས་སུ་གྲོས་ཚོགས་གོང་འོག་གི་འཐུས་མི་དང་གཞུང་ཚབ་པ་ཟུར་པ། ཚོང་པ་འབྱོར་ལྡན་པ་དང་མངའ་སྡེའི་སྤྱི་ཁྱབ་པ་སོགས་མི་བཅུ་གྲངས་ཤིག་འགྲན་ཞུགས་བྱས་ཀྱང་། ད་ལྟ་མེ་སི་ཆུ་སེ་ཊི་མངའ་སྡེའི་སྤྱི་ཁྱབ་ཟུར་པ་མིཊ་རོམ་ཎི་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ཎིའུ་གྷེང་རི་ཆི། ཕན་སིལ་བེ་ཎི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་རིཀ་སན་ཊོ་རམ་གསུམ་ལས་ལྷག་མེད་པ་དང་། ཁ་སང་གཟའ་མིག་དམར་ཉིན་རིཀ་སན་ཊོ་རམ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་ཁོངས་ནས་ཕྱིར་འཐེན་བྱས་ཏེ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་དེར་མེ་སི་ཆུ་སེ་ཊི་མངའ་སྡེའི་སྤྱི་ཁྱབ་ཟུར་པ་མིཊ་རོམ་ཎི་གཏན་འཁེལ་རྒྱུ་ཐག་ཆོད་ཡོད་པ་རེད།

XS
SM
MD
LG