ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

ཨུ་རུ་སུར་ཉེས་ཆད་ཕོག་སྟེ་བྱང་ཀོ་རི་ཡར་དངུལ་སྨར་ཡོང་འབབ་ཆད་ཉེན། ༄༅།།


༄༅།། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་དངུལ་ལོར་རུ་བྷུལ་གྱི་འཛའ་ཐག་ཆག་ཡོད་ཅིང་། དེར་བརྟེན་ཨུ་རུ་སུར་ངལ་རྩོལ་རྒྱུག་ཏུ་ཕྱིན་པའི་བྱང་ཀོ་རི་ཡའི་མི་མང་གིས་རང་ཡུལ་ལ་དངུལ་སྨར་སྐུར་གྱི་ཡོད་པ་རྣམས་དངུལ་ཁང་བརྒྱུད་ནས་གཏོང་མི་ཐུབ་པ་དང་ཨུ་རུ་སུའི་དངུལ་སྒོར་གྱི་འཛའ་ཐང་ཆག་སྟེ་བྱང་ཀོ་རི་ཡའི་གཞུང་ལ་དངུལ་སྨར་གྱི་ཡོང་འབབ་ཆད་རྒྱུའི་ཉེན་ཁ་འཕྲད་ཀྱི་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་ཀོ་རི་ཡའི་སྡེ་ཚན་གྱིས་སྤེལ་བའི་གནས་ཚུལ་དེ་རྡོ་རྗེ་ཐོགས་མེད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG