ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

༧གོང་ས་མཆོག་གི་དགོངས་བཞེད་འགྲུབ་པ་ལ་དམིགས་བསལ་གྱིས་ཞབས་འདེགས་བསྒྲུབ་ཐབས།


བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ནང་ཚོགས་བཅར་དུ་ཕེབས་པའི་ས་གནས་འགོ་འཛིན་རྣམས་ལ་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་འགྲུབ་པ་ལ་དམིགས་བསལ་གྱིས་ཞབས་འདེགས་ཞུ་དགོས་པ་གང་དང་གང་ཡོད་པའི་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད།

ཡང་དེ་དང་ཕྱོགས་མཚུངས་ས་གནས་འགོ་འཛིན་ཁག་ཅིག་གིས་གཞིས་ཆགས་ཁག་ནང་ལས་དོན་བྱེད་ཕྱོགས་དང་། ནང་ཆོས་ངོ་སྤྲོད་གནང་ཕྱོགས་སོགས་ཀྱི་སྐོར་ལ་དྲི་བ་དང་དྲིས་ལན་ཡང་གནང་སོང་བ་དང་སྦྲགས། ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་སོགས་ཀྱིས་གཙོ་བོ་བཅའ་ཁྲིམས་རིན་པོ་ཆེའིི་དགོངས་དོན་དང་མཐུན་པའི་ཐོག་ཕྱག་ལས་གནང་དགོས་པ་གལ་ཆེ་ཡིན་པ་ཡང་བཀའ་གནང་ཡོད་འདུག

གཞི་རྩའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བསྒྲུབ་ཐབས་སུ་གཙོ་བོ་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་དེ་དག་ལ་རྒྱུས་ལོན་གྱིས་ས་གནས་སོ་སོའི་ནང་ལག་བསྟར་ཅི་ཐུབ་བྱེད་དགོས་པའི་གལ་གནད་དང་། དེ་བཞིན་དུས་རྒྱུན་དུ་འཛུགས་སྐྲུན་ལས་གཞི་སོགས་གང་དང་གང་སྒྲུབ་ཀྱང་འཚེ་བ་མེད་པ་དང་། ཁོར་ཡུག་ལ་མི་གནོད་པ། རྒྱུན་གནས་ཐུབ་པ། སྐྱོ་ཤོས་ལ་ཕན་ཡོད་པ་བཅས་ཁྱད་ཆོས་བཞི་ལྡན་གྱི་སྲིད་བྱུས་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་དགོས་པ་བཀའ་གནང་སོང་ལ། དེ་དང་ཆབས་ཅིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཆེད་སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་པ་གལ་ཆེན་པོ་ཡིན་པ་སོགས་ཀྱིས་བཀའ་སློབ་ཀྱང་ཕེབས་གནང་སོང་། །

XS
SM
MD
LG