ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

ཨུ་རུ་སུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཉན་ཞིབ་ལ་ངོ་བཅར་མ་ཞུས་པ།


༄༅།། ཡུཀ་རེན་གྱི་དམག་འཁྲུག་གིས་ལོ་མང་རྗེས་སུ་ཡུ་རོབ་གླིང་ལ་སྐྱབས་བཅོལ་བའི་དཀའ་ངལ་ཆེ་ཤོས་ཤིག་འབྱུང་དུ་འཇུག་གི་ཡོད་ཅིང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དམག་འཁྲུག་དེ་མཚམས་འཇོག་ཡོང་ཐབས་སུ་དམིགས་བསལ་ཉན་ཞིབ་ཅིག་ཚོགས་ཀྱང་སྐབས་དེར་ཨུ་རུ་སུ་ངོ་བཅར་ཞུས་མེད་པ་རེད། ད་ལྟ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱེད་དུ་བཅུག་སྟེ་དམག་འཁྲུག་གི་ནག་ཉེས་བསགས་ཡོད་མེད་ཞིབ་འཇུག་བྱེད་འགོ་ཚུགས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG