ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རོ་ཧིན་གྷ་གྲངས་ཉུང་མི་རིགས་ནི་གནོད་འཚེ་ཚབས་ཆེ་ཕོག་ཡུལ་ཆགས་ཡོད་པ།



རེས་གཟའ་ཟླ་བའི་ཉིན་ མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ མའན་མར་ནང་ཡོད་པའི་རོ་ཧིན་གྷ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཐད་སྙན་ཐོ་ཞིག་འགྲེམས་སྤེལ་གནང་བའི་ནང་ ཡུལ་དེའི་ནང་མི་རིགས་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་་ཁོང་ཚོ་རང་སྣང་གང་དྲན་སྒོ་ནས་བཀག་ཉར་བྱས་པ་དང་། སྲོག་ཐོག་བཏང་བ་དང་དེ་བཞིན་ཡུལ་དེའི་མི་སེར་བྱེད་ཆོག་པའི་ཐོབ་མ་སྤྲད་པ་སོགས་ནི་ འགྲོ་བ་མིའི་རིགས་ཡོངས་ལ་རྒོལ་བའི་ནག་ཉེས་བསགས་པ་དང་གཅིག་མཚུངས་ཡིན་པ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG