ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨབ་གྷ་ཎི་སི་ཐན་གྱི་རྒྱལ་སར་འཕུར་མདེལ་གྱིས་གཏོར་རྒོལ།


༄༅། གཟའ་མིག་དམར་ཉིན་ཨབ་ཎ་སི་ཐན་གྱི་རྒྱལ་ས་ཀ་བྷུལ་གྲོང་ཁྱེར་དུ་སྲིད་འཛིན་གྱིས་གསུང་བཤད་མ་གནང་བའི་སྔོན་ཙམ་དེར་ཉུང་མཐར་ཡང་མེ་ཤུགས་འཕུར་མདེལ་གསུམ་གྱིས་གཏོར་རྒོལ་བྱས་འདུག འདི་ནི་ཕྱི་རྒྱལ་གྱི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་པ་དང་དུས་མཚུངས་སུ་བྱུང་བ་ཞིག་ཡིན་ཞིང་། ཉེ་དུས་ཤིག་ནས་ཏ་ལི་བྷན་ཤོག་ཁག་གིས་སྲིད་གཞུང་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཀྱང་འཕུར་མདེལ་གྱིས་གཏོར་རྒོལ་བྱས་པ་ཐེངས་དང་པོ་ཡིན་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG