ངོ་འཕྲད་བདེ་བའི་དྲ་འབྲེལ།

འཇར་མན་གྱི་སིལ་ཚོང་ལས་ཁང་འགའ་ཁྲིམས་ལ་གཏུགས།


༄༅།། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས་བྷར་ལིན་དུ་རྟེན་གཞི་བྱས་པའི་ཡུ་རོབ་རྩ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་ཕྱི་ཟླ་༩་པའི་ཚེས་༦་སྟེ། རེས་གཟའ་ཟླ་བའི་ཉིན་ཁརླ་སི་རུ་ཧེ་གཞུང་འབྲེལ་ཁྲིམས་ཁང་དུ་འཇར་མན་གྱི་ཁྲིམས་དཔོན་ལ་ཤོག་གྲངས་༩༦་ཡོད་པའི་ཞུ་གཏུགས་སྙན་ཞུ་ཞིག་ཕུལ་ཡོད་ཅིང་། སྙན་ཞུ་དེར་འཇར་མན་གྱི་ལི་ཌལ་དང་ཧུ་གྷོ་བྷོ་སི་སོགས་སིལ་ཚོང་ཁང་འགའ་ཤས་ཀྱིས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཁག་ཉོ་སྒྲུབ་དང་རྣམ་པ་གང་རུང་གི་ཐོག་ནས་ཁེ་བཟང་ལེན་གྱི་འདུག་ཅེས་སྐྱོན་བརྗོད་བྱས་ནས་ཁྲིམས་གཏུགས་བྱས་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG