རི་ཆཊ་གྷེ་ཨེར་ལགས་ལ་གཟེངས་རྟགས།
བོད་དོན་རྒྱབ་སྐྱོར་བ་རི་ཆཊ་གྷེ་ཨེར་ལགས་སུ་སི་པན་གྱི་གྲོང་ཁྱེར་གྷྲ་ན་ཊ་ནང་ཟླ་བ་འདིའི་ཚེས་ ༨ ཉིན་མོར་ཁོང་གིས་འཛམ་བུ་གླིང་ནང་གློག་བརྙན་གྲགས་ཅན་མང་པོའི་ནང་འཁྲབ་སྟོན་གནང་སྟེ་གློག་བརྙན་བཟོ་སྐྲུན་གྱི་སྒྱུ་རྩལ་ཐད་ལ་ཞབས་འདེགས་ཆེན་པོ་བསྒྲུབས་པས་སི་པན་གྱི་ཆེས་མཐོའི་གློག་བརྙན་གཟེངས་རྟགས་འབུལ་རྒྱུ་ཡིན་པ་རེད་འདུག