ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་ཏུ་དབྱིན་སྐད་ལ་སྡང་ཟུག་ཇེ་ཆེ་དང་འཛམ་གླིང་ལ་བར་ཐག་ཇེ་རིང་།


༄༅།། ལོ་འགའ་ཤས་ཀྱི་སྔོན་ལ་རྒྱ་ནག་དམར་ཤོག་གཞུང་གིས་དབྱིན་སྐད་སོགས་ཕྱིའི་རྒྱལ་ཁབ་ཁག་གི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པའི་ནན་བརྗོད་བྱས་ཡོད་ཅིང་། བར་སྐབས་ཤིག་ལ་དབྱིན་སྐད་ནི་བཅོས་འགྱུར་སྒོ་འབྱེད་ཀྱི་ཚབ་མཚོན་ལྟ་བུ་གྱུར་ཏེ་སྲིད་ཇུས་དེའི་འོག་རྒྱ་ནག་རྒྱལ་ཁབ་དེ་ཉིད་འཛམ་གླིང་གི་དཔལ་འབྱོར་གྱི་གོ་གནས་ཨང་གཉིས་པར་ཟིན་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་གྱུར། འོན་ཀྱང་དེང་སྐབས་ཞིས་ཅིན་ཕིང་གི་དུས་སྐབས་ལ་རྒྱ་ནག་གི་སྤྱི་ཚོགས་སུ་དབྱིན་སྐད་ནི་ཕྱིའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ངན་པའི་མཚོན་བྱེད་ལྟ་བུ་ཞིག་ཏུ་གྱུར་ཏེ་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ལ་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པར་མ་ཟད། རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་དེང་སང་རྒྱ་ནག་ལ་དབྱིན་སྐད་ཟུར་སྦྱོང་བྱ་ཡུལ་ཁེ་ལས་ཁག་ལ་རྡུང་རྡེག་དྲག་པོ་གཏོང་བཞིན་པ་དང་མི་རྣམས་ཀྱིས་དབྱིན་སྐད་ལ་སྡང་ཟུག་ཇེ་ཆེ། རྒྱ་ནག་ནི་འཛམ་གླིང་ཕྱི་ལ་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG