ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གཞུང་གིས་ཧྭ་ཝེའི་ཁ་པར་སོགས་བཀོལ་མི་ཆོག་པའི་ཁྲིམས་གཞི།


༄༅།། ཨ་རིའི་ཊེཀ་སེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཊེ་ཊི་ཁུ་རུ་ཛི་དང་མཱི་སོ་རི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོ་ཤཱི་ཧོ་ལེ་གཉིས་ཀྱིས་ཨ་རིའི་དབུས་གཞུང་གི་ལས་བྱེད་པ་ཚོས་གཞུང་དོན་སྒྲུབ་དུས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་ཁ་པར་རམ། ཡང་ན་རྒྱ་ནག་གི་ཀྲུང་ཞཱིན་བཟོ་ཚོང་ཁང་གི་ཁ་པར་རྣམས་བཀོལ་སྤྱོད་བྱེད་མི་ཆོག་པའི་ཁྲིམས་གཞི་ཞིག་ཨ་རིའི་གྲོས་ཚོགས་སུ་མཚམས་སྦྱོར་བྱ་རྒྱུ་ཡིན་ཞེས་ཁ་སང་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་སྤེལ་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱིས་མཚམས་སྦྱོར་བྱ་འཆར་ཡོད་པའི་ཁྲིམས་གཞི་དེར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་རྣམས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ོ་འགོད་བྱ་དགོས ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་དང་ཨ་རིའི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཐུབ་པའི་རྒྱ་ནག་གི་ཁ་པར་དང་བརྡ་འཕྲིན་ཕྲུལ་ཆས་སོགས་ལ་ཨ་མི་རི་ཀས་ངེས་པར་དུ་དོགས་ཟོན་བྱ་དགོས། རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་ཁ་པར་གྱི་འཕྲུལ་རིག་ནི་རྒྱ་ནག་གི་གསང་བའི་ལས་ཁང་གི་འཕྲུལ་ཆས་ཤིག་རེད་ཅེས་གས་པོར་བཀོད་འདུག


ཁ་སྔོན་ཕྱི་ཟླ་༢་པར་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཀྱང་ཧྭ་ཝེ་བཟོ་ཚོང་ཁང་གི་ཁ་པར་གྱི་འཕྲུལ་རིག་ནི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་ཚོང་ལས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་པར་ཆེད་དུ་ཇུས་འགོད་བྱས་པ་ཞིག་རེད་ཅེས་ནག་ཉེས་བཙུགས། ཨ་རིའི་གྲོས་ཚོགས་འཐུས་མི་ཊེ་ཊི་ཁུ་རུ་ཛིས་རྒྱ་ནག་གི་ཧྭ་ཝེ་དང་ཐེང་ཤུན། ཀྲུང་ཞཱིན་བཟོ་ཚོང་ལས་ཁག་་བཅས་ཀྱིསརྒྱ་ནག་དམར་ཤོག་ཚོགས་པར་གསང་བའི་ལས་དོན་སྒྲུབ་ཀྱི་འདུག རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་དུས་རབས་༢༡་པའི་ཁ་པར་བཟོ་ཚོང་ལས་ཁང་ཁག་གི་རྣམ་པར་ཟོག་རྫུ་བྱེདཡོད་པ་ཞིག་རེད། འདི་འདྲའི་བརྡ་འཕྲིན་བརྒྱུད་ལམ་ཁག་འགོག་དགོས་པ་དང་ཨ་མི་རི་ཀའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོསཨ་མི་རི་ཀའི་མི་དམངས་ཀྱིས་དཔྱ་ཁྲལ་བརྒྱབ་པའི་དངུལ་སྒོར་རྣམས་རྒྱ་ནག་གིས་གསང་ཉུལ་བྱེད་ཐུབ་པའི་ལས་དོན་ཁག་་འགྲོ་གྲོན་གཏོང་རྒྱུ་བཀག་འགོག་བྱ་རྒྱུ་ནི་འོས་ཤིང་འཚམས་པ་ཞིག་རེད་ཅེས་བཤད། ི་སོ་རི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོ་ཤཱི་ཧོ་ལེས་ཀྱང་རྒྱ་ནག་གི་བརྡ་འཕྲིན་འཕྲུལ་རིག་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པར་ངན་འབྲེལ་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་རྟོག་ཞིབ་བྱེད་གང་ཐུབ་བྱེད་ཀྱི་འདུག དེར་བརྟེན་ཨ་མི་རི་ཀ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་ཆེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་ཁེ་ཕན་ཡོད་པའི་གན་རྒྱ་གང་འདྲ་ཞིག་བཞག་ཀྱང་ཨ་རིའི་མི་དམངས་ཀྱིས་དཔྱ་ཁྲལ་བརྒྱབ་པའི་དངུལ་སྒོར་རྣམས་དེ་ལ་འགྲོ་གྲོན་གཏོང་མི་འོས་ཞེས་དགག་བྱ་ཡོད་པའི་གཏམ་བཤད་བྱས་འདུག

གྲོས་ཚོགས་འཐུས་མི་ཊེ་ཊི་ཁུ་རུ་ཛི་དང་ཇཱོ་ཤཱི་ཧོ་ལེ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་སུ་མཚམས་སྦྱོར་བྱ་འཆར་ཡོད་པའི་ཁྲིམས་གཞི་དེར་༢༠༢༠་ལོའི་རྒྱ་ནག་གི་སིམ་མྱུལ་འགོག་ཐབས་བཅའ་ཁྲིམས་ཞེས་མིང་བཏགས། ཨ་རིའི་རྒྱལ་སྲུང་དང་ཕྱི་སྲིད་དྲུང་ཆེ་གཉིས་ཀས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཞུང་གིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཐོ་འགོད་བྱ་རྒྱུ། ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་གཞུང་གི་དངུལ་སྒོར་འགྲོ་གྲོན་བཏང་ནས་ཐོ་གཞུང་ནག་པོ་དེར་འཁོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་དང་བརྡ་འཕྲིན་མ་ལག ཁ་པར་སོགས་བཀོལ་སྤྱོད་བྱས་ནས་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་དང་གློག་ཀླད། ལག་ཐོགས་ཁ་པར་སོགས་བརྒྱུད་ནས་གཞུང་དོན་སྒྲུབ་མི་ཆོག་ཅེས་ཁྲིམས་གཞི་དེའི་ཟིན་བྲིས་སུ་བཀོད་འདུག རྒྱ་ནག་གི་ཐེང་ཤུན་ཁ་པར་བཟོ་ཚོང་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་མཉམ་འབྲེལ་བྱས་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལདུས་འདིར་བརྡ་འཕྲིན་གཏོང་ལེན་གྱི་ལས་དོན་སྒྲུབ་ཀྱི་ཡོད་ཀྱང་ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་མཚམས་སྦྱོར་བྱ་འཆར་ཡོད་པའི་ཁྲིམས་གཞི་དེར་ཨ་རིའི་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱབ་སྐྱོར་འཐོབ་ཚེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ྱ་ནག་གི་ཐེང་ཤུན་ཁ་པར་བཟོ་ཚོང་ཁང་དང་མཉམ་འབྲེལ་བྱས་ནས་ལས་དོན་ཁག་ཅིག་སྒྲུབ་ཀྱི་ཡོད་པར་ཨ་རིའི་གཞུང་གིས་དངུལ་སྒོར་འགྲོ་གྲོན་སྤྲོད་ཆོག་གི་མེད་པར་མ་ཟད། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་ཉེས་འཛུགས་བྱས་པ་དེའི་ཁོངས་སུ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱས་པ་དང་དྲྭ་རྒྱའི་སྐུད་ལམ་ཁ་སྒྱུར། ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་ལས་པ་སུ་ཞིག་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་བརྐུ་ཐུབ་ན་མི་དེར་དངུལ་སྒོར་བྱ་དགའ་སྤྲོད་ཀྱི་འདུག་ཅེས་བཀོད་ཡོད་པ་རེད།།

ཨ་མི་རི་ཀས་བཀག་སྡོམ་བྱས་མིན་ལ་མ་ལྟོས་པར་ཧྭ་ཝེ་བཟོ་ཚོང་ཁང་རྒྱལ་སྤྱིའི་ཁ་པར་བཟོ་ཚོང་ཁང་ཆེ་ཁག་ཅིག་ཏུ་གྱུར་ཡོད་པ་སྟེ། ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཧྭ་ཝེ་བཟོ་ཚོང་ཁང་གིས་དབྱིན་ཡུལ་ལ་འཕྲུལ་རབས་ལྔ་པའི་རྨང་གཞིའི་མཐུན་རྐྱེན་འཛུགས་རྒྱུའི་གསལ་བསྒྲགས་སྤེལ། དེ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཊེ་ཊི་ཁུ་རུ་ཛི་སོགས་ཀྱིས་དབྱིན་གཞུང་གིས་རྒྱ་ནག་ལ་འཕྲུལ་རབས་ལྔ་པའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱེད་དུ་འཇུག་རྒྱུའི་མོས་མཐུན་བྱས་པནི་ཧ་ཅང་བློ་འཚབ་བྱ་དགོས་པ་དང་སྟབས་མ་ལེགས་པ་ཞིག་རེད། དབྱིན་ཇིའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་རྒྱ་ནག་གིས་བཙུགས་ན་དབྱིན་ཇི་དང་ཨ་མི་རི་ཀར་མི་རབས་མང་པོར་བདེ་འཇགས་མེད་པར་འགྱུར་ངེས་རེད། ཧྭ་ཝེ་བཟོ་ཚོང་ཁང་ནི་འཛམ་གླིང་ཡོངས་སུ་རྒྱ་ནག་དམར་ཤོག་ཚོགས་པར་གསང་བའི་ལས་དོན་སྒྲུབ་མཁན་ཞིག་ེད་ཅེས་སྐྱོན་བཙུགས། དབྱིན་ཇིའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་སྲིད་བློན་བྷོ་རི་སི་ཇཱོན་སན་ལ་དབྱིན་ཡུལ་དུ་འཕྲུལ་རབས་ལྔ་པའི་ཁ་པར་འཛུགས་རྒྱུའི་འགྲན་སྡུར་ཁོངས་སུ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གཏན་ནས་མཉམ་ཞུགས་བྱེད་དུ་འཇུག་མི་ཉན་ཞེས་གྲོས་གཞི་བཏོན། ཡིན་ནའང་དབྱིན་ཇིའི་གྲོས་ཚོགས་སུ་གྲོས་གཞི་དེར་ཕམ་ཉེས་བྱུང་ཞིང་། དབྱིན་ཡུལ་དུ་བཅའ་སྡོད་ཧྭ་ཝེ་བཟོ་ཚོང་ཁང་གི་འགན་འཛིན་ཚོགས་མི་མེ་ཁེལ་ར་ཁེ་ཞེས་པ་ཞིག་གིས་གྲོས་ཚོགས་ལ་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་ཕུལ་ཏེ་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་ཆས་བཀག་པ་དང་། ཧྭ་ཝེ་བཟོ་ཚོང་ཁང་དབྱིན་ཡུལ་དུ་འཕྲུལ་རབས་ལྔ་པའི་ཁ་པར་མ་ལག་འཛུགས་འཆར་ཡོད་པ་དེའི་ཁོངས་སུ་མཉམ་ཞུགས་བྱེད་དུ་མ་བཅུག་ཚེ། དབྱིན་ཡུལ་གྱིས་འགྲོ་གྲོན་ཆེན་པོ་ཞིག་གཏོང་དགོས་ཐུག་རྒྱུ་ཡིན་པ་ནི་བརྗོད་མི་དགོས། ད་དུང་རྒྱ་ནག་དང་དབྱིན་ཇིའི་ཚོང་འབྲེལ་ལ་གནོད་སྐྱོན་ཚབས་ཆེན་ཞིག་འཕོག་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།།


ད་ཐེངས་ཀྱི་གྲོས་གཞི་འདི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ལས་ཁང་ཁག་ལ་འགོག་སྡོམ་བྱེད་པའི་སྲིད་ཇུས་རིམ་པ་ཞིག་ལག་ལེན་བསྟར་གྱི་ཡོད་པ་དེའི་གྲས་ཤིག་ཡིན་ཞིང་། ༢༠༡༧་ལོར་རྒྱ་ནག་གཞུང་གིས་གསང་བའི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་དགོས་མཁོ་བྱུང་ན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་དང་སྤྱི་དམངས་སྒེར་པ་ཚོས་གསོག་ཉར་བྱེད་ཡོད་པའི་གཞི་གྲངས་རྣམས་སྲིད་གཞུང་ལ་མཁོ་སྤྲོད་བྱ་དགོས་ཞེས་ཐག་བཅད། དེའི་རྗེས་སུ་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་སྲིད་གཞུང་དང་དམར་ཤོག་ཚོགས་པའི་བཀོད་ཇུས་འོག་ཏུ་ཚུད་རྒྱུ་ཉག་ཅིག་ཡིན་པའི་དོགས་ཟོན་བྱེད་འགོ་ཚུགས། ཧྭ་ཝེ་བཟོ་ཚོང་ཁང་གིས་ང་ཚོ་རང་བཙན་གྱི་བཟོ་ཚོང་ལས་ཁང་ཞིག་ཡིན། རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་བཀོད་ཇུས་འོག་ཏུ་ཚུད་མེད་ཅེས་དག་སྐྱེལ་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀ་གཙོ་བོར་གྱུར་པའི་རྒྱལ་ཁབ་མང་པོ་ཞིག་ཧྭ་ཝེ་བཟོ་ཚོང་ལས་ཁང་སོགས་ལ་དོགས་པ་ཡོད་པ་སེལ་ཐུབ་ཀྱི་མེད་ཅིང་། སྔ་ལོ་ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིན་བཟོ་ཚོང་ལས་ཁང་གཉིས་ཐོ་གཞུང་ནག་པོར་བཀོད། ན་ནིང་ཕྱི་ཟླ་༡༡་པར་ཨ་རིའི་དབུས་བརྡ་འཕྲིན་ལྷན་ཁང་དང་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཀས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིན་བཟོ་ཚོང་ཁང་གཉིས་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་གི་ཁོངས་སུ་བཅུག རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ནི་འཛམ་གླིང་གི་འཕྲུལ་རབས་ལྔ་པའི་ཡོ་བྱད་བཟོ་ཚོང་ཁང་ཆེ་ཤོས་སུ་གྱུར། ཨ་མི་རི་ཀར་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་བཟོ་སྐྲུན་བྱེད་མཁན་མེད་པས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་བྱ་དགོས་ཐུག་གི་ཡོད་པར་བརྟེན། ཟླ་སྟོད་འདིར་ཨ་རིའི་གྲོས་ཚོགས་འོག་མར་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཁག་ཅིག་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་བཟོ་སྐྲུན་བྱ་རྒྱུ་དེར་རོགས་སྐྱོར་བྱ་དགོས་པའི་གྲོས་གཞི་བཏོན་ཡོད་པ་རེད།།

XS
SM
MD
LG