ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

ཨི་སི་རལ་གྱིས་ཧི་ཛི་བྷུ་ལཱའི་ཕེ་ཇཱེར་ནང་དུ་འབར་རྫས་སྦས་པ་རེད་ཟེར།


དབྱིན་སྐད་དུ་ཕེ་ཇཱེར་(Pager)་ཞེས་འབོད་པ་དེའི་ནང་དུ་འབར་རྫས་སྦས་པ་རེད་ཅེས་ལེ་བྷ་ནན་གྱི་མཐོ་རིམ་ལས་སྣེ་ཚོས་སྐྱོན་འཛུགས་བྱས་འདུག
དབྱིན་སྐད་དུ་ཕེ་ཇཱེར་(Pager)་ཞེས་འབོད་པ་དེའི་ནང་དུ་འབར་རྫས་སྦས་པ་རེད་ཅེས་ལེ་བྷ་ནན་གྱི་མཐོ་རིམ་ལས་སྣེ་ཚོས་སྐྱོན་འཛུགས་བྱས་འདུག

༄༅།། ཨི་སི་རལ་གྱི་མོ་ས་ད་ཕྱི་སོ་ལས་ཁུངས་དང་དམག་དོན་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་གི་བརྡ་འབྱོར་འཕྲུལ་ཆས་སམ། དབྱིན་སྐད་དུ་ཕེ་ཇཱེར་(Pager)་ཞེས་འབོད་པ་དེའི་ནང་དུ་འབར་རྫས་སྦས་པ་རེད་ཅེས་ལེ་བྷ་ནན་གྱི་མཐོ་རིམ་ལས་སྣེ་ཚོས་སྐྱོན་འཛུགས་བྱས་འདུག ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ཇཱེ་རུ་ས་ལམ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བརྡ་འབྱོར་འཕྲུལ་ཆས་ཀྱི་གློག་རྫས་ཁག་ལ་འབར་རྫས་མང་ཉུང་ཨཽན་སི་(Ounce)་རེ་ཟུང་རེ་སྦྱར། འབར་རྫས་བཀད་ནས་ཧི་ཛི་བྷུ་ལཱའི་འཐབ་མོ་བ་༡༢་བསད་པ་དང་མི་༣༠༠༠་ལྷག་རྨས། རྨས་སྐྱོན་ཕོག་པ་དེ་དག་གི་གྲས་སུ་ལེ་བྷ་ནན་དུ་བཅའ་སྡོད་ཨི་རན་གྱི་གཞུང་ཚབ་པ་མོ་ཇ་ཏ་བྷ་ཨ་མ་ཎི་(Mojtaba Amani)་ཡང་ཡོད་ཅིང་། ད་ལྟ་དཀྱིལ་ཤར་ས་ཁུལ་གྱི་འཁྲུག་རྩོད་དེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཁ་ཆེ་རུ་སོང་།།

ཨི་སི་རལ་གྱིས་ཧི་ཛི་བྷུ་ལཱའི་ཕེ་ཇཱེར་ནང་དུ་འབར་རྫས་སྦས་པ་རེད་ཟེར།
ཨི་སི་རལ་གྱིས་ཧི་ཛི་བྷུ་ལཱའི་ཕེ་ཇཱེར་ནང་དུ་འབར་རྫས་སྦས་པ་རེད་ཟེར།

ཁ་སང་གཟའ་མིག་དམར་གྱི་ཕྱི་དྲོའི་ཆུ་ཚོད་༣.༣༠་སྟེང་དུ་ལེ་བྷ་ནན་དང་སི་རི་ཡའི་ས་གནས་ཁག་ཏུ་ཡོད་པའི་ཧི་ཛི་བྷུ་ལཱ་འཇབ་དམག་གི་འཐབ་མོ་བ་ཚོའི་ཕེ་ཇཱེར་གསར་པ་དེ་ཚོར་འགོ་ཁྲིད་ཚོས་བརྡ་བཏང་བ་ལྟར་དུས་གཅིག་ཏུ་བརྡ་ཞིག་འབྱོར། ཕེ་ཇཱེར་དེ་རྣམས་སྐད་ཆ་འགའ་ཞིག་ལ་སྦིར་སྒྲ་གྲགས་པའི་རྗེས་སུ་འབར་གས་བྱུང་སྟེ་མི་ལ་བསད་རྨས་ཚབས་ཆེན་ཕོག བརྡ་འབྱོར་འཕྲུལ་ཆས་ཕེ་ཇཱེར་ནི་སྔོན་ཆད་ལག་ཐོགས་ཁ་པར་མེད་པའི་དུས་སུ་ཕན་ཚུལ་འཕྲལ་དུ་འབྲེལ་བ་བྱེད་ཐུབ་པའི་འཕྲུལ་ཆས་ཤིག་ཡིན་པ་སྟེ། ཕེ་ཇཱེར་ནང་དུ་མི་འདི་དང་དེ་ལ་ཁ་པར་ཐོངས། ཁ་པར་ཨང་གྲངས་འདི་འདྲ་ཞིག་གིས་འབྲེལ་བ་བྱེད་ཀྱི་འདུག་ཅེས་བརྡ་འབྱོར་འཕྲུལ་ཆས་ཆུང་ཆུང་ཞིག་ཡིན་ཞིང་། དེང་སྐབས་སྨན་ཁང་དང་ལས་ཁུངས་ཁག་ཅིག་གི་ནང་ལོགས་སུ་ཕན་ཚུན་ཕེ་ཇཱེར་ནང་དུ་ཡིག་འབྲུ་༡༠༠་ཡས་མས་རེའི་འཕྲིན་ཐུང་རེ་གཏོང་རྒྱུར་སྤྱོད། ལག་ཐོགས་ཁ་པར་དར་བའི་རྗེས་སུ་ཕེ་ཇཱེར་ནི་བཀོལ་སྤྱོད་མེད་པར་གྱུར།།

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ནས་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་དང་ཨི་སི་རལ་གྱི་དམག་འཁྲུག་ལངས། ཨི་རན་དང་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་གིས་ཧ་མ་སི་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ནས་ལྐོག་ཏུ་དམག་འཁྲུག་ལ་ཞུགས། ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་གི་འགོ་ཁྲིད་ཚོས་ལག་ཐོགས་ཁར་བཏང་ན་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ལྐོག་ཉན་བྱེད་ཐུབ། ཕེ་ཇཱེར་བཏང་ན་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ལྐོག་ཉན་བྱེད་མི་ཐུབ་པའི་རྩིས་བརྒྱབ། དེར་བརྟེན་ཟླ་ཤས་གོང་དུ་ཧི་ཛི་བྷུ་ལ་འཇབ་དམག་ཤོག་ཁག་གི་འགོ་ཁྲིད་ཚོས་རང་གི་འཐབ་མོ་བ་ཚོར་ཕེ་ཇཱེར་༥༠༠༠་ལྷག་མངགས་ཉོ་བྱས་ཤིང་། ཕེ་ཇཱེར་གསར་པ་རྣམས་འབྱོར་བའི་རྗེས་སུ་ཁ་ཕྱེ་ནས་ནང་དུ་འབར་རྫས་སྦས་ཡོད་མེད་དང་བརྡ་འཕྲིན་བརྐུས་འཁྱེར་གྱི་འཕྲུལ་ཆས་སྦས་ཡོད་མེད་སོགས་ཞིབ་འཇུག་མ་བྱས་པར་བཀྲམ།།

ཐེ་ཝན་གྱི་ཨ་པོ་ལོ་གློག་ཆས་བཟོ་ཚོང་ཁང་གསར་འཛུགས་པ་ཤུའི་ཇིང་ཀོང་གིས་གཟའ་ལྷག་པའི་ཉིན་ཐེ་པེ་གསར་པར་གསར་འགོད་ལྷན་ཚོགས་བསྐོངས་
ཐེ་ཝན་གྱི་ཨ་པོ་ལོ་གློག་ཆས་བཟོ་ཚོང་ཁང་གསར་འཛུགས་པ་ཤུའི་ཇིང་ཀོང་གིས་གཟའ་ལྷག་པའི་ཉིན་ཐེ་པེ་གསར་པར་གསར་འགོད་ལྷན་ཚོགས་བསྐོངས་

ཕྱི་ཟླ་༩་པའི་ཚེས་༡༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་གི་འགོ་ཁྲིད་ཚོས་ཕེ་ཇཱེར་མངགས་ཉོ་བྱས་པ་དེ་རྣམས་ཐེ་ཝན་གྱི་ཨ་པོ་ལོ་(Gold Apollo)་གློག་ཆས་བཟོ་ཚོང་ཁང་གི་AP924་རྟགས་ཅན་གྱི་ཕེ་ཇཱེར་རེད་ཅེས་བསྒྲགས། ཐེ་ཝན་གྱི་ཨ་པོ་ལོ་གློག་ཆས་བཟོ་ཚོང་ཁང་གསར་འཛུགས་པ་ཤུའི་ཇིང་ཀོང་(Hsu Ching-Kuang)་གིས་གཟའ་ལྷག་པའི་ཉིན་ཐེ་པེ་གསར་པར་གསར་འགོད་ལྷན་ཚོགས་བསྐོངས་ཏེ་AP924་རྟགས་ཅན་གྱི་ཕེ་ཇཱེར་དེ་རྣམས་ང་ཚོས་བཟོས་པ་མིན། ཡུ་རོབ་རྒྱལ་ཁབ་ཧང་གྷ་རིར་ཡོད་པའི་བྷེག་(BAC)་བཟོ་ཚོང་ཁང་གིས་བཟོས་པ་རེད། ང་ཚོས་རང་གི་ལས་རྟགས་དེ་ཧང་གྷ་རིའི་བཟོ་ཚོང་ཁང་དེར་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུའི་འཁྲོལ་ཆ་སྤྲད་པ་ཡིན་ཞེས་ཨ་པོ་ལོ་གློག་ཆས་བཟོ་ཚོང་ཁང་དོན་རྐྱེན་དེར་འབྲེལ་བ་མེད་པའི་དག་སྐྱེལ་བྱས་འདུག

གསར་འགོད་པ་ཚོས་ཧང་གྷ་རིའི་རྒྱལ་ས་བྷུ་དྷ་པེ་སི་ཊི་གྲོང་ཁྱེར་དུ་བྷེག་(BAC)་བློ་འདྲི་བཟོ་ཚོང་ཁང་རྩད་གཅོད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བཟོ་ཚོང་ཁང་དེ་རྒྱལ་སའི་མངའ་ཁུལ་གྱི་མི་མང་གནས་སྡོད་བྱ་ཡུལ་ཞིག་ཏུ་སྒོ་དང་སྒེའུ་ཁུང་འཚོང་སའི་ཁང་ཆེན་ཞིག་གི་ནང་དུ་ཡོད་པ་རྩད་ཆོད། བཟོ་ཚོང་ཁང་གི་མིང་དང་ཁ་བྱང་ནི་A4་ཞེས་ཤོག་གུའི་སྟེང་དུ་བྲིས་ནས་ཤེལ་སྒོའི་སྒོ་སྟེང་དུ་སྦྱར། མིང་འདོན་མ་བྱས་པའི་མི་ཞིག་གིས་བྷེག་བློ་འདྲི་ཁང་གི་ཁ་བྱང་འདིར་ཐོ་འགོད་བྱས་ཡོད་པ་རེད། ཡིན་ནའང་ལས་ཁུངས་དངོས་སུ་ཚུགས་མི་འདུག་ཅེས་བཤད། ཁང་ཆེན་དེའི་ནང་དུ་ལས་ཁུངས་གཞན་པ་འགའ་ཞིག་ཐོ་འགོད་བྱས་ཡོད་པ་དེ་དག་ལ་གསར་འགོད་པས་ཁ་པར་བཏང་ཡང་གཅིག་གིས་ཀྱང་ལན་འདེབས་མ་བྱུང་། ཉམས་ཞིབ་པ་ཚོས་བྷེག་བཟོ་ཚོང་ཁང་དེ་གང་འདྲ་ཞིག་ཡིན་མིན་དང་ཐེ་ཝན་གྱི་ཨ་པོ་ལོ་གློག་ཆས་བཟོ་ཚོང་ཁང་ལ་འབྲེལ་བ་ཇི་ལྟར་བྱུང་མིན་སོགས་རྩད་གཅོད་བྱ་རྒྱུ་འགོ་ཚུགས།།

ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྷ་ལན་ཊིས་
ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྷ་ལན་ཊིས་

གཟའ་ཟླ་བའི་ཉིན་ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྷ་ལན་ཊིས་(Yoav Gallant)་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་(Lloyd Austin)་ལ་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ལ་ཞི་བའི་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་ཐུབ་པའི་གོ་སྐབས་ཇེ་ཆུང་དང་ཇེ་ཆུང་རེད་ཅེས་གནས་ལུགས་ཞུས། དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུའི་ཉེན་ཁར་འཛེམས་ནས་རྒྱལ་སྤྱིའི་འགྲིམ་འགྲུལ་ལས་ཁུངས་ཁག་གི་གནམ་གྲུ་རྣམས་དཀྱིལ་ཤར་ས་ཁུལ་དུ་འཕུར་རྒྱུར་གཡོལ། ལོ་༢༨་ལ་ཨ་རིའི་དབུས་གསང་བའི་ལས་ཁུངས་སུ་ཆེད་ལས་བསྒྲུབས་པའི་ཉམས་ཞིབ་པ་ཞིག་གིས་ཕེ་ཇཱེར་བཀད་ནས་ཧི་ཛི་བྷུ་ལཱ་འཇབ་དམག་གི་འཐབ་མོ་ཚོ་བསད་རྨས་བྱུང་ཡང་དམག་འཁྲུག་ཆེན་པོ་ཞིག་སློང་མི་ཐུབ། ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོ་ཧི་ཛི་བྷུ་ལཱའི་སྒྲིག་འཛུགས་ཀྱི་ནང་ཁུལ་དུ་སིམ་འཛུལ་བྱས་ཡོད་པ་ར་འཕྲོད། ཨི་སི་རལ་གྱིས་རང་གི་དགྲ་བོར་འགོག་རྒོལ་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ཀྱི་ཡོད་པ་གསལ་སྟོན་བྱུང་བ་རེད་ཟེར།།

ཕྱི་ཟླ་༩་པའི་ཚེས་༡༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལེ་བྷ་ནན་གྱི་མཐོ་རིམ་ལས་སྣེ་ཞིག་གིས་ཕེ་ཇཱེར་བཟོ་སྐྲུན་གྱི་རིམ་པ་དེའི་སྐབས་སུ་ཨི་སི་རལ་གྱི་གསང་ཉུལ་ཚོས་འབར་རྫས་སྦས་འཇོག་བྱས་པ་རེད། ཨི་སི་རལ་གྱི་མོ་ས་ད་ཕྱི་སོ་ལས་ཁུངས་ཀྱི་གསང་ཉུང་ཚོས་འདྲེ་ལག་བརྐྱངས་ནས་འབར་རྫས་དེ་རྣམས་རྙེད་མི་ཐུབ་པ་དང་གློག་བཤེར་བྱས་ཀྱང་གསལ་པོ་མི་མཐོང་བ་ཞིག་བཟོས་འདུག་ཅེས་བཀྲལ། ཨི་སི་རལ་གྱི་མོ་ས་ད་ཕྱི་སོ་ལས་ཁུངས་ཀྱིས་གསང་ཉུལ་བཏང་ནས་མི་གསོད་པ་དང་རྒྱང་ནས་གཏོར་རྒོལ། དཔེར་ན་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ཚན་རིག་པ་འགའ་ཞིག་གི་རླངས་འཁོར་ལ་འབར་རྫས་སྦྱར། ཁོ་ཚོས་རྒྱང་ནས་མཐེབ་ཅུ་མནན་ཏེ་ཚན་རིག་པ་རྣམས་བསད། དེ་བཞིན་ཁ་སྔོན་ཕྱི་ཟླ་༧་པའི་ནང་དུ་ཨི་རན་གྱི་རྒྱལ་ས་ཐེ་རན་གྱི་གཞུང་གཉེར་མགྲོན་ཁང་ཞིག་ཏུ་འབར་རྫས་སྦས་ནས་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་བསད། ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ཏུ་དྲྭ་དུག་བཏང་ནས་གཏོར་བརླག་བྱས་པ་ཀུན་ལ་གྲགས།།

ཨ་རིའི་ཁར་ཎི་གྷི་ཞིབ་འཇུག་ཁང་གི་དཀྱིལ་ཤར་ས་ཁུལ་གྱི་ཉམས་ཞིབ་པ་མྷོ་མེ་ད་ཧ་ཇཱི་ཨ་ལིས་(Mohamad Hage Ali)་ཧི་ཛི་བྷུ་ལཱ་འཇབ་དམག་ལ་དམག་འཁྲུག་ཆེན་པོ་ཞིག་སློང་འདོད་མི་འདུག ད་དུང་ཡང་དམག་འཁྲུག་ཆེན་པོ་ཞིག་ལ་གཡོལ་ཐབས་བྱེད་ཀྱི་འདུག ཡིན་ནའང་མི་སྟོང་ཕྲག་མང་པོར་རྨས་སྐྱོན་ཕོག་པ་དང་མི་དམངས་དཀྱུས་མ་ཚོར་གནོད་འཚེ་ཕོག་ཡོད་པས་ཧི་ཛི་བྷུ་ལཱ་འཇབ་དམག་གིས་ཨི་སི་རལ་ལ་རྒོལ་ལན་དྲག་པོ་ཞིག་མ་བསློགས་ཐབས་མེད་ཡིན་པར་མ་ཟད། མི་དམངས་དང་བསད་རྨས་བྱུང་བའི་བཟའ་མི་ཚོས་གནོན་ཤུགས་སྤྲད་ནས་སྡོད་དུ་འཇུག་ས་མ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། གྷ་ཛའི་དམག་འཁྲུག་རྗེས་སུ་ཧ་མ་སི་ཤོག་ཁག་དང་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་གི་མཐོ་རིམ་འགོ་ཁྲིད་ཁག་ཅིག་ཨི་སི་རལ་གྱིས་ལྐོག་གསོད་བྱས། ཨི་རན་དང་ཨི་སི་རལ་གཉིས་ཀྱང་ཐད་ཀར་གདོང་ཐུག་འབྱུང་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG