ངོ་འཕྲད་བདེ་བའི་དྲ་འབྲེལ།

འཛམ་གླིང་ནང་འཁྲུག་ཟིང་ཡོད་པའི་རྐྱེན་གྱིས་གསར་འགོད་རང་དབང་ལ་ཉམས་ཆག


མ་ལི་ཡུལ་ནང་གི་འཁྲུག་ཟིང་དང་། ཡུ་རོབ་ཡུལ་ཁག་ནང་ཆབ་སྲིད་ བརྟན་ལྷིང་མེད་པ་དང་དཔལ་འབྱོར་ཉམས་རྒུད་དུ་སོང་པ་ལ་བརྟེན་ནས་ གུར་རིས་སེ་ཡུལ་གྱི་ནང་གསར་འགོད་རང་དབང་རྩ་བ་ནས་མེད་པར་གྱུར་བའི་སྣེ་ཁྲིད་བྱས་པ་དང་། ལ་ཊིན་ཨ་མེ་རི་ཀའི་ནང་གསར་འགྱུར་བརྒྱུད་ལམ་ཐོག་ དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་སོགས་ཀྱིས། འཛམ་གླིང་གི་མི་འབོར་ལ་ གཞིགས་པའི་གསར་འགོད་རང་དབང་ཆ་ཚང་ཡོད་པའི་གནས་བབས་དེ་ནི། འདས་པའི་ལོ་ངོ་༡༦ནང་གནས་སྟངས་རིམ་པ་དམའ་ཤོས་ཤིག་ལ་སླེབས་ཡོད་ ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་ རང་དབང་གི་ཁང་པ་ཞེས་པ་ དེས་རེས་གཟའ་ལྷག་པའི་ཉིན་རང་གི་ལོ་རེའི་ཞིབ་འཇུག་བྱས་པའི་སྙན་ཐོ་འདོན་སྤེལ་བྱས་པའི་ནང་བརྗོད་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG