ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀྲང་ཧེས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚན་རིག་པ་ཚོར་ཐུག་ཐབས།


༄༅། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཞིབ་འཇུག་བྱེད་དུ་འབྱོར་བའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚན་རིག་པ་ཚོར་ཀྲང་ཧེ་ཞེས་པའི་རྒྱ་ནག་པ་ཞིག་གིས་ཐུག་འདོད་ཡོད་ཅེས་དགོས་འདུན་བཏོན། ན་ནིང་༢༠༢༠་ལོའི་ཕྱི་ཟླ་༢་ཚེས་༡༩་ཉིན་ཀྲང་ཧེའི་ཨ་ཕ་ཝུ་ཧན་གྲོང་ཁྱེར་ལ་འགྲིམ་འགྲུལ་བྱས་རྗེས་ཏོག་དབྱིབས་ནད་དུག་འགོས་ནས་འདས་གྲོངས་སུ་གྱུར། ཀྲང་ཧེས་ང་ཚོས་བདེན་དོན་འཚོལ་ཞིབ་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། འདི་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚན་རིག་པ་ཚོ་ཝུ་ཧན་ལ་ཕེབས་ནས་ནག་ཉེས་དེ་སྦས་སྐུང་མི་བྱེད་པའི་རེ་བ་ཡོད་ཅེས་བཤད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG