ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་པ་སྐྱབས་བཅོལ་བ་ཚོས་ཡུལ་ཁྲིམས་ཁུར་དགོས།


ཨ་མི་རི་ཀའི་ཎིའུ་ཡོཀ་གྲོང་ཁྱེར་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་བཏོན་ཏེ། རྒྱ་ནག་གི་གནོན་ཤུགས་འོག་ཏུ་བལ་ཡུལ་གཞུང་གིས་རང་གི་ས་ཐོག་ཏུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཚོར་དམ་དྲག་ནན་པོ་བྱེད་ཀྱི་ཡོད་ཅིང་། ད་ལྟ་བལ་ཡུལ་གྱི་བོད་པ་སྐྱབས་བཅོལ་བ་ཚོས་ཆབ་སྲིད་ཀྱི་ལས་འགུལ་གང་ཡང་སྤེལ་མི་ཆོག་པ་མ་ཟད། བོད་པ་སྐྱབས་བཅོལ་བ་ཚོས་རང་གི་ཆོས་དང་རིག་གཞུང་ལ་འབྲེལ་བ་ཡོད་པའི་དུས་ཆེན་ཁག་ཀྱང་སྲུང་བརྩི་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་གྱི་ཉེན་རྟོག་པ་ཚོས་བོད་པ་སྐྱབས་བཅོལ་བ་ཚོར་རྡུང་རྡེག་གཏོང་བ་དང་ཐུབ་ཚོད་བྱེད་པ། ཁོ་ཚོས་རང་སྣང་གང་དྲན་གྱི་སྒོ་ནས་བོད་པ་སྐྱབས་བཅོལ་བ་ཚོ་འཛིན་བཟུང་བྱས་ནས་བཀག་ཉར་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་གྱི་ཉེན་རྟོག་པ་ཚོས་བོད་པ་སྐྱབས་བཅོལ་བ་ཚོར་སྔོག་བཤེར་དང་རྗེས་འདེད་བྱེད་རྒྱུ་སོགས་རྒྱུན་ལྡན་ཞིག་ལ་གྱུར་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG