ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྡི་ལི་དོན་གཅོད་ཁང་གིས་རྒྱ་གར་གཞུང་ལ་བོད་དོན་གླེང་སློང་གནང་དགོས་པའི་འབོད་བསྐུལ།


རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྐུ་ཞབས་བསྟན་པ་ཚེ་རིང་ལགས་ཀྱིས། ད་ལྟའི་སྐབས་འདི་ནི། རྒྱ་དཀར་ནག་གཉིས་ཀའི་ནང་། སྲིད་གཞུང་བསྲ་བརྟན་ཡོད་པའི་སྐབས་ཤིག་ཡིན་པས། གོ་སྐབས་འདི་དང་བསྟུན་སྟེ་རྒྱ་གར་གཞུང་གིས། རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་གཟའ་འཁོར་འདིར་རྒྱ་གར་ལ་འཚམས་འདྲིར་འབྱོར་བའི་སྐབས་བོད་དོན་གླེང་སློང་གནང་སྟེ། བོད་ཀྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་ཡོང་ཐབས་སུ་ཤུགས་སྣོན་བསྐྱོན་དགོས་པ་ཡིན་ཞེས་འབོད་བསྐུལ་གནང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG