ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དབྱིན་ཇིའི་རྒྱལ་མོས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཧ་ཅང་མ་རབས་འདུག་ཅེས་གསུངས་པ།


ན་ནིང་སྤྱི་ཟླ་བཅུ་པར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དབྱིན་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་པེ་ཅིང་དུ་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་པར་མ་རབས་ཐ་ཤལ་གྱི་རྣམ་གྱུར་ཧ་ཅང་ངན་པ་བསྟན་ཡོད་པ་ངས་གོ་ཐོས་བྱུང་སོང་ཞེས་གཟའ་མིག་དམར་ཉིན་དབྱིན་ཇིའི་རྒྱལ་མོས་བྷ་ཀིང་ཧམ་ཕོ་བྲང་དུ་ཉེན་རྟོག་པའི་འགོ་ཁྲིད་ཅིག་ལ་བཀའ་མོལ་གནང་བའི་གསུང་སྐད་ཕྱི་ལ་འཁྱར་རུང་། རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གིས་དབྱིན་ཇིའི་རྒྱལ་མོའི་བཀའ་མོལ་དེར་ཐད་དཀར་ལན་འདེབས་གང་ཡང་བྱས་མེད་པ་རེད།།

XS
SM
MD
LG