ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ནང་གི་ངོ་རྒོལ་ལས་འགུལ་དང་འབྲེལ་ནས་རིམས་ནད་ཕོག་མཁན་མང་དུ་ཕྱིན་ཡོད་པ།


སྲིད་འཛིན་ཁྲི་རོམ་ཕུ་ཡིས་ཉེ་ཆར་ཨ་རིའི་ཨོ་ཁོ་ཧོ་མ་མངའ་སྡེའི་ཁྲེལ་ཨོ་ས་རུ་ཁོང་གི་རྒྱབ་སྐྱོར་བ་ཁྲི་སྟོང་མང་པོའི་མདུན་དུ་གཏམ་བཤད་གནང་སྐབས་ཨ་རིའི་ནང་ཏོག་དབྱིབས་རིམས་ནད་ཕོག་མཁན་མང་ནས་མང་རུ་འགྲོ་བཞིན་ཡོད་པ་ངོས་ལེན་བྱས་འདུག

སྐབས་དེར་སྲིད་འཛིན་ནས། འདི་བཞིན་ཅི་ལྟར་དུ་བརྟག་དཔྱད་མང་པོ་བྱས་ན་དེ་ལྟར་དུ་རིམས་ནད་ཕོག་མཁན་མང་པོ་ངོས་ཟིན་གྱི་ཡོད་པ་རེད་ཅེས་བཤད་འདུག

ཨ་རིའི་སྲིད་འཛིན་ནས་ཟླ་འགའི་རིང་གི་རིམས་ནད་ལ་རྐྱེན་བྱས་པའི་བཀག་རྒྱ་དག་བསྐྱར་དུ་སྒོ་འབྱེད་རྒྱུའི་རེ་བ་བྱེད་བཞིན་པ་དང་། ཁོང་གི་རྒྱབ་སྐྱོར་བ་དག་གིས་ཀྱང་དེ་ལྟར་བྱེད་རྒྱུར་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
ཁོས། ང་ཚོའི་སློབ་གྲྭ་དག་གི་སྒོ་འབྱེད་དགོས། སྒོ་འབྱེད་རོགས། ཅེས་བཤད་འདུག

ཨ་རིའི་འཕྲོད་བསྟེན་སྡེ་ཚན་ཁག་ནས་ཛ་དྲག་གི་ངང་རིམས་ནད་འགོས་ཁྱབ་འགྲོ་བཞིན་པར་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ནའང་། རྒྱལ་ཡོངས་གནས་ཁག་ཏུ་ད་དུང་ཡང་མུ་མཐུད་ནས་རིགས་རྒྱུད་དབྱེ་འབྱེད་དང་ཉེན་རྟོག་པའི་རྩུབ་སྤྱོད་ལ་རྒོལ་བའི་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་པ་དང་། ཨ་རིའི་མགོ་ཁྲིད་མང་པོ་ཞིག་གི་རྗེས་དྲན་སྐུ་བརྙན་ཡང་གཏོར་བཞིན་པ་རེད།

ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ ཁྲེམ་སི་ཁོ་ཁྲི་ཡིས་ཨ་རིའི་ཉེན་རྟོག་སྡེ་ཚན་ལ་བཅོས་སྒྱུར་གཏོང་དགོས་པའི་ཁྲིམས་འཆར་ཞིག་འདོན་བཞིན་ཡོད་པ་དང་། ཁོས་ཨ་རིའི་གཞུང་གིས་ཁྲིམས་ལག་བསྟར་བྱེད་མཁན་གྱི་ལས་ཁུངས་ཁག་ལ་འགྲོ་སོང་མང་པོ་གཏོང་དགོས་པ་ལས་ཉུང་རུ་གཏོང་མི་ཉན་ཅེས་དང་། ཁྲིམས་གཞི་བཅོས་སྒྱུར་གྱི་ནང་དོན་ཁག་ལག་ལེན་བྱ་རྒྱུར་འགྲོ་སོང་མང་པོ་གཏོང་དགོས་པར་བཤད་འདུག་སྟེ།

འགྲོ་སོང་འདི་དག་རྒྱལ་ཁབ་སྤྱི་དང་ཚོགས་སྡེ་ཁག། ཁྲིམས་ལག་བསྟར་བྱེད་མཁན་སྒེར་བ་བཅས་ཚང་མས་དངོས་ཡོད་དང་མཐུན་ལ་ཕན་འབྲས་ལྡན་པའི་ལས་དོན་ཞིག་སྒྲུབ་པར་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད་འདུག

ཨ་རིའི་ཉེན་རྟོག་སྡེ་ཚན་ལ་བཅོས་སྒྱུར་གཏོང་རྒྱུའི་ཁྲིམས་གཞིའི་ཐད་ཆབ་སྲིད་ཚོགས་པ་གཉིས་ཀྱི་བར་བསམ་ཚུལ་མི་མཐུན་པ་ཡོང་གི་ཡོད་ནའང་ད་དུང་མ་མཐུད་ནས་འགྲིག་ཐབས་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་འདི་ནི་ཨ་རིའི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་ཟུར་པ་ཇོན་བྷོ་ཁྲོན་གྱིས་དེབ་གསར་བ་ཞིག་འགྲེམས་སྤེལ་བྱེད་འཆར་ཡོད་པའི་དུས་ཚོད་དང་འཁེལ་ཡོད་། དེབ་འདིའི་ནང་དུ་སྲིད་འཛིན་ཁྲི་རོམ་ཕུ་འཛིན་སྐྱོང་གཞུང་གི་ལས་དོན་བྱེད་ཕྱོགས་ལ་སྐྱོན་བརྗོད་ནན་མོ་བྱས་ཡོད་པ་པ་རེད།

གནས་ཚུལ་འདིའི་ཐད། ཨ་རིར་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཟུར་པས།
ངས་བསམ་ན་ཇོན་བྷོ་ཁྲོན་གྱིས་འདོན་འཆར་ཡོད་པའི་དེབ་ཀྱི་ནང་དོན་ལྟར། བདུན་ཕྲག་གསུམ་སྔོན་གྱི་ཇོར་ཇི་ཧྥི་རོ་ཡེད་ཡི་འཆི་རྐྱེན་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་གྱི་གནད་དོན་དང་འབྲེལ་ནས་སྲིད་འཛིན་ཁྲི་རོམ་ཕུ་ཡི་གནད་དོན་ལ་ངོས་འཛིན་བྱེད་སྟངས་དང་དེའི་ཐད་ཀྱི་ལེགས་ཉེས་བླང་དོར་འབྱེད་སྟངས་ཀྱི་ནུས་པས་འདང་གི་མེད་པ་ང་ཚོས་ཤེས་ཐུབ།

ཡིན་ནའངཕོ་བྲང་དཀར་པོའི་སློབ་སྟོན་པ་ཕས་ཁྲིར་ན་བ་རོ་ཡིས་གོང་གི་ཇོན་བྷོ་ཁྲོན་གྱིས་འདོན་འཆར་ཡོད་པའི་དེབ་ཀྱི་ནང་དོན་མང་པོ་ཞིག་ངོས་ལེན་བྱས་མེད་དེ།

ལྗོན་བྷོན་ཁྲོན་གྱིས་དེ་སྔོན་གཞུང་གི་སྒྲིག་འཛུགས་ལ་བརྩི་འཇོག་མ་བྱས་ཤིང་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་ཐབས་ཀྱི་ངོས་ནས་སྲིད་འཛིན་དང་ལངས་ཕྱོགས་མ་མཐུན་པར་ཁོ་གནས་དབྱུང་གཏོང་དགོས་བྱུང་ཡོད་པ་དང་། ད་ལྟའི་དུས་སྐབས་ལ་དེབ་འདི་ལྟ་བུ་ཞིག་བཏོན་པ་ནི་རྩ་བའི་ཆ་ནས་ཁོས་ཨ་རིའི་སྲོལ་རྒྱུན་གྱི་འགྲོ་སྟངས་ལ་ཡོངས་སུ་རྒྱབ་འགལ་བྱས་པ་ཞིག་རེད། ཡིན་ནའང་དེབ་འདི་ལ་བརྟེན་ནས་ཁོ་ལ་དངུལ་གྱི་ཡོང་སྒོ་མང་པོ་ཞིག་ཐོབ་ངེས་རེད།

ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་དེབ་འདིའི་ནང་རྒྱལ་ཁབ་ཀྱི་གསང་བའི་གནད་དོན་མང་པོ་ཡོད་སྲིད་པའི་དོགས་གཞིའི་འོག་་འགྲེམས་སྤེལ་བྱེད་རྒྱུར་བཀག་འགོག་བྱེད་ཐབས་བྱས་ཡོད་ནའང་། ཨ་རིའི་དབུས་གཞུང་གི་ཁྲིམས་དཔོན་ཞིག་གིས་གཟའ་སྤེན་པའི་ཉིན་དེབ་འདི་དུས་ལྟར་འགྲེམས་སྤེལ་བྱས་ཆོག་པའི་ཐག་བཅད

དཔྱད་བརྗོད་ལ་བལྟ།

དྲ་གནས་བཟོ་བཅོས་ཀྱིས་ཆེད་རྩོམ་འདི་གནས་སྐབས་རིང་མེད། སྐར་མ་ཁ་ཤས་རྗེས་སུ་ཡང་སྐྱར་འཚོལ།

XS
SM
MD
LG