ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཀུན་གླེང་། ༢༠༢༣ ལོའི་ཟླ་༢ ཚེས་༡


ཀུན་གླེང་། ༢༠༢༣ ལོའི་ཟླ་༢ ཚེས་༡
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱི་དཀྱིལ་ཤར་འཚམས་གཟིགས་དང་། པ་ཀི་སི་ཐན་གྱི་ཉེན་རྟོག་མི་སྣར་དམིགས་པའི་འབར་གས་གཏོར་རྒོལ། ཨུ་རུ་སུས་ཏེ་ལོ་རིན་པོ་ཆེར་ངོས་འཛིན། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ། ཡུག་ཀེ་རན་གྱི་དམག་འཁྲུག་གི་གནས་སྟངས་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ལ་རྒྱ་གར་དུ་བོད་སྐད་ཡིག་དར་སྤེལ་གཏོང་བའི་གོ་སྐབས་དང་དགོས་དབང་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད། དེ་རིང་གི་དམིགས་བསལ་ལས་རིམ་ནང་ཕྱག་བདེ་བ་བཀོད་སྒྲིག་བྱས་ཡོད། བོད་ཀྱི་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་གི་སྐབས། དགེ་འདུན་པར་གསོལ་ཇ་སོགས་འདྲེན་མཁན་གྱི་རབ་བྱུང་བ་རྣམས་ལ་ཕྱག་བདེ་བ་ཟེར་བ་བཞིན། ཕྱག་བདེ་བ་ཚོར་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཅི་ཡོད་སོགས་ངོ་སྤྲོད་བྱས་ཡོད།

XS
SM
MD
LG