ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་སློབ་ཆེན་ཁག་གི་གསང་ཉུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སྔ་ལོ་རྒྱ་ནག་གཞུང་གིས་རང་ཡུལ་གྱི་སློབ་ཆེན་ཞིག་གི་སློབ་དཔོན་ཡུག་ཧྲེང་ཏུང་ཞེས་པ་ཞིག་གནས་དབྱུང་བཏང་ཞིང་། དེང་སྐབས་ཞིས་ཅིན་ཕིང་གིས་གཏམ་བཤད་བྱེད་དུས་ཕུ་ཐུང་བརྫེས་ནས་དཀའ་ལས་རྒྱག་དགོས་ཞེས་རིག་གནས་གསར་བརྗེའི་དུས་ཀྱི་འབོད་ཚིག་ཅིག་སྒྲོགས་ཀྱི་ཡོད་པར་སློབ་དཔོན་ཡུག་གིས་ཁྱད་གསོད་ཀྱི་རྣམ་འགྱུར་བསྟན། སློབ་ཕྲུག་ཚོས་སློབ་དཔོན་ཡུག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མི་འདུག་ཅེས་སྲིད་གཞུང་ལ་སྙན་སེང་ཞུས་ནས་གནས་དབྱུང་བྱུང་འདུག

ཕྱི་ཟླ་༡༡་པའི་ཚེས་༡་ཉིན་ཨ་རིའི་ནེའུ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་རང་ཡུལ་གྱི་སློབ་ཆེན་ཁག་གི་སློབ་ཕྲུག་གྲས་སུ་སྲིད་གཞུང་གི་གསང་ཉུལ་བཏང་ནས་དགེ་རྒན་གྱི་ལྟ་བ་དང་ལངས་ཕྱོགས། ལྷག་པར་དུ་རྒྱ་ནག་གི་སློབ་ཆེན་ཁག་གི་སློབ་དཔོན་ཚོ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞིས་ཅིན་ཕིང་གི་ལམ་སྟོན་དབུ་ཁྲིད་འོག་ཏུ་ཤར་སྐྱོད་བྱེད་ཀྱི་ཡོད་མེད་མྱུལ་ཞིབ་བྱེད་དུ་འཇུག་གི་ཡོད་ཅིང་། དཔེར་ན་ལོ་ན་༢༡་ལ་སོན་པའི་ཕེང་ཝེ་ཞེས་པ་ནི་རྒྱ་ནག་གི་ལྷོ་ནུབ་མཚམས་སུ་ཆགས་པའི་སི་ཁྲོན་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་ཡིན། ཁོ་པས་སློབ་ཕྲུག་གཞན་དང་འདྲ་བར་དཔེ་ཁུག་དམར་པོ་ཞིག་རྒྱབ་ཏུ་ཁུར་ནས་ཨེ་ཌི་ཌ་སི་ལས་རྟགས་ཅན་གྱི་ལྷམ་ཞིག་གྱོན། ཁོ་པ་རྫས་འགྱུར་གཙོ་གཉེར་གྱི་སློབ་ཕྲུག་ཅིག་ཡིན་རུང་ཕེང་ཝེ་ལ་ལས་འགན་གཞན་ཞིག་ཀྱང་ཡོད། དེ་ནི་ཁོ་པས་སི་ཁྲོན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཚོས་ཅི་ཞིག་བཤད་ཀྱི་ཡོད་མེད་དང་སློབ་དཔོན་ཚོའི་ལྟ་བ་དང་ལངས་ཕྱོགས་ཅི་ཞིག་བཟུང་ཡོད་མེད་རྣམས་ལྐོག་ཏུ་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་རེད།།

རྒྱ་ནག་གཞུང་གིས་ཕེང་ཝེ་ལྟ་བུའི་སློབ་ཕྲུག་སྟོང་ཕྲག་མང་པོ་སློབ་ཆེན་ཁག་ལ་འགྲེམ་འཇོག་བྱས་ནས་སློབ་དཔོན་ཚོའི་ལྟ་བར་འགོག་རྒོལ། རྒྱ་ནག་གི་སློབ་ཆེན་ཁག་ཏུ་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པར་གོང་བཀུར་མི་བྱེད་པའི་སློབ་དཔོན་ཡོད་པ་རྣམས་རྣམས་རྩ་མེད་གཏོང་དུ་འཇུག་གི་ཡོད་པར་མ་ཟད། ཕེང་ཝེས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་ང་ཚོར་སློབ་སྦྱོང་གི་ཁོར་ཡུག་གཙང་མ་ཞིག་དགོས་ཀྱིན་འདུག སློབ་དཔོན་ཚོས་སྒྲིག་ཁྲིམས་ཚུལ་བཞིན་སྲུང་གི་ཡོད་མེད་ལྟ་རྟོག་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་ཞེས་བཤད། དུས་རབས་༢༡་པ་འདིར་རྒྱ་ནག་གི་སློབ་ཆེན་ཁག་མའོ་ཙེ་ཏུང་གི་དུས་སྐབས་ལ་ཕྱིར་ལོག་བརྒྱབ་ནས་སློབ་ཆེན་ཁག་ཏུ་གསང་ཉུལ་སློབ་ཕྲུག་བཀྲམ། དགེ་རྒན་གྱི་ལྟ་གྲུབ་ལ་དགག་པ་བརྒྱབ་ནས་རྒྱ་ནག་གི་སློབ་ཆེན་ཁག་ཏུ་ཞིས་ཅིན་ཕིང་གི་སྲིད་དོན་གྱི་ལྟ་བར་མོས་མཐུན་མེད་པ་རྣམས་རྩ་མེད་གཏོང་རྒྱུ། སློབ་ཆེན་ཁག་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ལ་བསྒྱུར་རྒྱུའི་ལས་འགུལ་སྤེལ། ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གི་སློབ་ཆེན་ཁག་ལ་སློབ་ཕྲུག་སོ་མྱུལ་གཏོང་རྒྱུ་ཇེ་མང་དུ་སོང་། ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པས་སློབ་ཕྲུག་དང་དགེ་རྒན་བཅས་ཁྱོན་བསྡོམས་མི་༢༠་ལྷག་ལ་བཅར་འདྲི་ཞུས་ནས་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་ནག་གི་སློབ་ཆེན་སྟོང་ཕྲག་མང་པོར་གསང་ཉུལ་འགྲེམ་འཇོག་ཟིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་གནས་དབྱུང་བཏང་བའི་སློབ་དཔོན་ཟུར་པ་ཡུག་ཧྲེང་ཏུང་ནི་རྒྱ་ནག་ཤར་ཕྱོགས་སུ་ཆགས་པའི་ཞཱ་མེན་སློབ་གྲྭ་ཆེན་མོའི་ཡུན་རིང་གི་དཔལ་འབྱོར་རིག་པའི་དགེ་རྒན་ཞིག་ཡིན། ཁོང་གིས་ཨ་རེའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་དགེ་རྒན་ཚང་མས་རང་ལ་བྱུས་ཉེས་འཕོག་སྲིད་པའི་འཇིགས་སྣང་བྱེད་ཀྱི་འདུག འདི་འདྲ་བྱས་ནས་ང་ཚོ་ཡར་རྒྱས་ཇི་ལྟར་འགྲོ་ཐུབ་རྒྱུ་རེད་དམ། ང་ཚོས་ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་གསར་གཏོད་ཇི་ལྟར་བྱེད་ཐུབ་རྒྱུ་རེད་དམ་ཞེས་གླེང་། སྔ་ལོ་སློབ་དཔོན་ཡུག་ཧྲེང་ཏུང་གིས་སྲིད་འཛིན་ཞིས་ཅིན་ཕིང་ཧ་ཅང་མཉེས་པོ་ཡོད་པའི་ཆབ་སྲིད་ཀྱི་འབོད་ཚིག་སྟེ། ཕུ་ཐུང་བརྫེས་ནས་དཀའ་ལས་རྒྱོབས་ཞེས་པ་དེར་དགག་པ་བརྒྱབ་པས་ཞཱ་མེན་སློབ་གྲྭ་ཆེན་མོ་ནས་གནས་དབྱུང་བཏང་ཞིང་། རྒྱ་ནག་གི་སློབ་ཆེན་གཞན་པ་མང་པོ་ཞིག་གིས་དགེ་རྒན་ཚོར་མྱུལ་ཞིབ་བྱེད་མཁན་སློབ་ཕྲུག་གི་ས་མིག་ཟུར་འཇོག་བྱས་ཡོད་ཅེས་བསྒྲགས། སློབ་ཆེན་ཁག་གི་འཛིན་གྲྭ་རེ་རེའི་ནང་དུ་དགེ་རྒན་ལ་ལྟ་རྟོག་བྱེད་མཁན་སོ་མྱུལ་སློབ་ཕྲུག་རེ་འགྲེམ་འཇོག་ཐུབ་རྒྱུའི་དམིགས་ཚད་བཟུང་འདུག ད་ལྟ་རྒྱ་ནག་གི་སློབ་ཆེན་ཁག་གི་དགེ་རྒན་རྣམས་སློབ་ཕྲུག་ལ་སློབ་ཁྲིད་བྱེད་མི་ཕོད་པ་དང་སློབ་ཕྲུག་ལ་བློ་སྐྱེད་འཕེལ་བའི་གཏམ་བཤད་བྱེད་མི་ཕོད་པའི་མཚམས་སུ་ལྷུང་། མདོར་ན་རྒྱ་ནག་གི་སློབ་ཆེན་ཁག་ཏུ་རིག་གནས་གསར་བརྗེའི་དུས་སུ་དམར་སྲུང་དམག་གིས་གཙོ་འཛིན་མའོ་ཙེ་ཏུང་གི་དགྲ་བོ་འཚོལ་ཞིབ་དང་སློབ་གྲྭའི་དགེ་རྒན་གྱི་ཆབ་སྲིད་ལྟ་བར་གཙང་དག་བྱེད་ཀྱི་ཡོད་ཟེར་པའི་ལས་འགུལ་སྤེལ་བ་རྣམས་བསྐྱར་ལོག་རྒྱག་གི་ཡོད་པ་རེད།

ཞིས་ཅིན་ཕིང་གིས་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་འཕོག་སྲིད་པའི་ཉེན་ཀ་འདུག དེ་ལ་འགོག་རྒོལ་བྱ་དགོས་ཞེས་སྲིད་དབང་གཅིག་སྡུད་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་སྟེ་སློབ་ཕྲུག་ཚོར་རང་གི་དགེ་རྒན་ལ་ལྟ་རྟོག་བྱ་དགོས་པའི་ལས་འགན་སྤྲད། རྒྱ་ནག་གི་སློབ་ཆེན་ཁག་ཏུ་དམངས་གཙོ་སོགས་ཀྱི་ལྟ་གྲུབ་རྣམས་གླེང་སློང་བྱེད་མི་ཆོག་པ་དང་དགེ་རྒན་ལ་ལྟ་རྟོག་བྱེད་མཁན་སློབ་ཕྲུག་ཚོར་རྒྱ་ནག་གཞུང་གིས་སློབ་ཡོན་སྤྲད་ནས་རྒྱབ་སྐྱོར་ཐོབ། ཁོ་ཚོར་མ་འོངས་པའི་མདུན་ལམ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་གོ་གནས་འཕར་ཐུབ་གོ་སྐབས་སྤྲོད་ཀྱི་ཡོད་པས་རང་གི་མདུན་ལམ་དང་སློབ་ཡོན་སོགས་ཀྱི་ཆེད་དུ་དགེ་རྒན་ལྟ་རྟོག་བྱེད་མཁན་སློབ་ཕྲུག་མི་ཉུང་བ་ཞིག་རག་གི་ཡོད་པ་རེད།

ཁྲུང་ཆིང་དགེ་ཐོན་སློབ་གྲྭའི་རྩོམ་རིག་སློབ་དཔོན་ཐང་ཡུན་ཞེས་པ་ཞིག་གིས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་དུ་ངས་སློབ་ཕྲུག་ཀུན་ལ་ལེ་བདའ་བྱེད་ཀྱི་མེད། སློབ་ཕྲུག་ཚང་མ་དགེ་རྒན་དགྲ་ལག་ཏུ་རྩིས་སྤྲོད་བྱེད་མཁན་མ་རེད། དེ་རིང་ང་ངོ་གནོང་ནས་འགྲོ་དགོས་བྱུང་སོང་། སང་ཉིན་ང་གཟི་བརྗིད་ལྡན་པ་དང་མེ་ཏོག་གི་ཕྲེང་བ་གྱོན་ནས་ཕྱིར་བྱེད་ཀྱི་རེད། ང་ལ་སློབ་ཁྲིད་བྱེད་དུ་མ་བཅུག་པར་གནས་དབྱུང་བཏང་བ་ནི་བླུན་རྨོངས་ཀྱི་ཐག་གཅོད་ཅིག་རེད་ཅེས་འཕྲིན་ཐུང་ཞིག་སྤེལ། སློབ་ཕྲུག་ཚོས་ཁྲུང་ཆིང་དགེ་ཐོན་སློབ་གྲྭའི་སློབ་དཔོན་ཐང་ཡུན་གྱིས་རྒྱ་ནག་གི་སྙན་གྲགས་ལ་དམའ་འབེབས་བྱས་སོང་། ཁོང་གིས་ཡོངས་གྲགས་སུ་བཟོད་གསོལ་ཞུ་དགོས་ཞེས་སྐྱོན་བཙུགས་ནས་གནས་དབྱུང་བྱུང་འདུག

དགེ་རྒན་ལ་ལྟ་རྟོག་གི་ཆབ་སྲིད་ལས་འགུལ་ནི་ཞིས་ཅིན་ཕིང་གི་སློབ་སྦྱོང་བྱ་ཡུལ་ཏེ། རྒྱ་ནག་གི་སྐད་གྲགས་ཅན་གྱི་ཆིང་ཧྭ་སློབ་གྲྭ་ཆེན་མོར་ཡང་ཁྱབ་ཡོད་ཅིང་། ད་ལོ་ཆིང་ཧྭ་སློབ་གྲྭ་ཆེ་མོའི་སློབ་ཕྲུག་ཚོས་མར་ཁེ་སི་རིང་ལུགས་ཀྱི་སློབ་དཔོན་ལིའུ་ཅ་ཞེས་པ་ཞིག་གིས་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལ་སྐྱོན་བརྗོད་བྱས་སོང་། ཁོང་གིས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་དཔལ་ཡོན་དར་ཁྱབ་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གི་སྤྱི་ཚོགས་དཔལ་ཡོན་ཉམས་རྒུད་འགྲོ་བཞིན་འདུག་ཅེས་སློབ་ཁྲིད་བྱེད་ཀྱི་འདུག སློབ་དཔོན་ལིའུ་ཅའི་ཆབ་སྲིད་ཀྱི་ལྟ་བར་དགག་པ་རྒྱག་དགོས་ཞེས་དྲྭ་ལམ་དུ་རྩོམ་ཡིག་བྲིས་ནས་ངོ་རྒོལ་བྱས་པས་ཆིང་ཧྭ་སློབ་གྲྭ་ཆེན་མོས་སློབ་དཔོན་ལིའུ་ལ་ཞིབ་འཇུག་བྱུང་ཡོད། གསར་འགོད་པས་སློབ་དཔོན་ལིའུ་ལ་འབྲེལ་བ་བྱས་ནས་ཞིབ་འཇུག་གི་མཇུག་འབྲས་ཅི་བྱུང་རྩད་གཅོད་བྱས་ཀྱང་འབྲེལ་བ་བྱུང་མེད། རྒྱ་ནག་དབུས་ཕྱོགས་ཀྱི་སློབ་ཆེན་ཞིག་གི་དགེ་རྒན་གྱིས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་གྱི་ལས་དུས་ལ་ཚད་འཛིན་མེད་པར་བཏང་བར་སྐྱོན་བརྗོད་བྱས་པའི་སྟབས་ཀྱིས་གནས་དབྱུང་བཏང་བ་དང་། པེ་ཅིང་གི་སློབ་ཆེན་ཞིག་གི་དགེ་རྒན་གྱིས་རྒྱ་ནག་གི་སློབ་ཕྲུག་ཚོ་ལས་ཉི་ཧོང་གི་སློབ་ཕྲུག་རྣམས་སློབ་སྦྱོང་ལ་དོན་གཉེར་ཆེ་བ་འདུག་ཅེས་གླེང་སློང་བྱས་པར་སློབ་ཕྲུག་ཚོས་ངོ་རྒོལ་བྱས་ནས་དུས་ཡུན་གང་འཚམ་ཞིག་ལ་དགེ་རྒན་དེར་ལས་མཚམས་འཇོག་དུ་བཅུག་འདུག

རྒྱ་ནག་གི་ཨན་ཁང་སློབ་གྲྭ་ཆེན་མོ་དང་ཞཱན་ཐོ་ལག་ཤེས་སློབ་ཆེན། ཞིན་དབྱང་དགེ་ཐོན་སློབ་ཆེན་སོགས་ཀྱིས་ཡོངས་གྲགས་སུ་དགེ་རྒན་སུ་ཞིག་གིས་རྨོངས་དད་ཁྱབ་སྤེལ་དང་ནུབ་ཕྱོགས་ཀྱི་ལྟ་གྲུབ་ཁྱབ་སྤེལ། རྒྱ་ནག་གི་བདེ་འཇགས་ལ་གནོད་པ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་སློབ་ཁྲིད་བྱས་ན་དགེ་རྒན་དེ་འབྲེལ་ཡོད་སློབ་ཆེན་དེའི་སློབ་ཕྲུག་གི་དམར་ཤོག་ཚོགས་པར་རྩིས་སྤྲོད་བྱ་དགོས་ཞེས་བསྒྲགས། ནེའུ་ཡོཀ་ཧྥོར་ཌམ་སློབ་ཆེན་གྱི་ཁྲིམས་ལུགས་སློབ་དཔོན་མཱིན་ཛི་ནེར་ཞེས་པ་ཞིག་གིས་བཤད་པ་ལྟར་ན། རྒྱ་ནག་གི་སློབ་ཆེན་ཁག་ལ་སློབ་ཕྲུག་གསང་ཉུལ་འགྲེམ་འཇོག་བྱེད་ཀྱི་ཡོད་པ་ནི་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་དང་སྤྱི་ཚོགས་ལ་མཐའ་གཅིག་དུ་དབང་སྒྱུར་བྱེད་ཐུབ་པའི་དམིགས་ཡུལ་རེད། སྔོན་ཆད་རྒྱ་ནག་གི་སློབ་ཆེན་ཁག་ལ་རང་གིས་རང་ལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་ཞིག་ཡོད་པ་ཞིས་ཅིན་ཕིང་གིས་སླར་གསོ་བྱེད་ཀྱི་འདུག ཆབ་སྲིད་ཀྱི་མཁྲེགས་འཛིན་ལྟ་བ་གཅིག་གིས་དབང་སྒྱུར་བྱས་ན་སྤྱི་ཚོགས་ལ་ཐུན་མོང་གི་བསམ་བློ་ཞིག་ཡོད་པ་ཉམས་རྒུད་འགྲོ་ངེས་རེད་ཅེས་བཤད། ནེའུ་ཡོཀ་དུས་བབ་ཚགས་པར་གྱི་འགོད་པས་རྒྱ་ནག་གི་ཤེས་ཡོན་སློབ་གསོ་ལྷན་ཁང་ཁ་པར་བཏང་ནས་གནད་དོན་འདིར་འདྲི་རྩད་བྱས་ཀྱང་ལན་འདེབས་གང་ཡང་བྱས་མེད་པ་རེད།།

XS
SM
MD
LG