ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་གར་སྲིད་འཛིན་གྱིས་བོད་དོན་ལ་ཐུགས་སྣང་།


༄༅།། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་འཛིན་རམ་ན་ཐ་ཀོ་ཝིན་ཌར་བོད་དོན་དོན་ཚན་བདུན་ཅན་གྱི་སྙན་ཞུ་ཞིག་ཕུལ་པར་སྲིད་འཛིན་གྱིས་རྒྱབ་གཉེར་གནང་འདུག དེ་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་ཧེ་མན་དྷ་ར་སིང་ཏོ་མར་གྱིས་སྣེ་ཁྲིད་འོག ཚོགས་པ་དེའི་སྐུ་ཚབ་ཚོགས་ཆུང་གིས་བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་སྲིད་འཛིན་ལ་མཇལ་འཕྲད་ཞུས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་པ་སློབ་དཔོན་ར་ཇིན་དྷ་ར་སིང་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏ་རཏྣ་འབུལ་དགོས། རྒྱ་གར་གཞུང་གིས་བོད་སྨན་ངོས་འཛིན་གནང་སྟེ་ཨ་ཡུ་ཤ་ཚན་པའི་ཁོངས་སུ་འཇུག་རྒྱུ། རྒྱ་དཀར་ནག་གི་ས་མཚམས་ཟེར་གྱི་ཡོད་པ་འདིར་ཧིན་བོད་ས་མཚམས་ཞེས་འབོད་པ་དང་འབྲི་དགོས་པའི་སྙན་ཞུ་ཕུལ་འདུག

Photo CTA
Photo CTA

རྒྱ་གར་གྱི་སྲིད་འཛིན་གྱིས་ཚོགས་པ་དེའི་ཚོགས་མི་ཚོར་དུས་ཡུན་སྐར་མ་༢༥་རིང་མཇལ་མོལ་གནང་སྟེ་སྙན་ཞུ་དོན་ཚན་ཁག་རྒྱ་གར་གྱི་བདེ་སྲུང་ལྷན་ཁང་དང་ནང་སྲིད་ལྷན་ཁང་སོགས་ལ་སྤྲད་ནས་རྒྱབ་གཉེར་གནང་རྒྱུའི་ཞལ་བཞེས་ཐོབ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་ཧེ་མན་ཎ་ར་སིང་ཏོ་མར་གྱིས་སྲིད་འཛིན་ལ་མཇལ་མོལ་གང་ལེགས་བྱུང་སོང་། ཁོང་གིས་ང་ཚོའི་སྙན་ཞུ་དོན་ཚན་ཁག་དང་བོད་དོན་ལ་ཐུགས་སྣང་ཆེན་པོ་གནང་གི་འདུག བོད་དོན་དེ་བོད་པ་གཅིག་པུ་མ་ཡིན་པར་ང་ཚོ་ཚང་མའི་ལས་འགན་རེད་ཅེས་ཚོར་བ་ཆེན་པོས་གསུངས་སོང་། དེ་བཞིན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་ལ་བསྔགས་བརྗོད་དང་ཐེངས་འདིའི་སྙན་ཞུ་དོན་ཚན་དེ་དག་རྒྱ་གར་གྱི་མང་ཚོགས་དང་གཞོན་སྐྱེས་ཚོར་བཀྲམ་ནས་གོ་རྟོགས་སྤེལ་དགོས་པའི་ལམ་སྟོན་གནང་འདུག

དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྡེངས་ཆ་དང་བརྒྱུད་ལམ་སྣ་མང་བརྒྱུད་ནས་བོད་དོན་ཞུ་སྐུལ་དང་བོད་ཀྱི་གནད་དོན་གླེང་སློང་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། ད་རེས་རྒྱ་གར་གྱི་སྲིད་འཛིན་ལ་བོད་དོན་ཞུ་སྐུལ་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་RSS་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ལྟ་བ་གཅིག་གྱུར་འཛིན་མཁན་ཞིག་ཡིན་པ་བཅས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG