ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༡༠་བའི་ཚེས་༥་ནས་ཚེས་༧་བར་དུ་ཨིན་དུ་ཎེ་ཞི་ཡའི་བྷ་ལི་ས་གནས་སུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མཁའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད་ཅིང་། སྲིད་འཛིན་ཨོ་བྷ་མ་ཨིན་དུ་ཎེ་ཞི་ཡའི་ཚོགས་ཆེན་ཞོར་དུ་མ་ལེ་ཞི་ཡ་དང་ཧྥི་ལི་ཕིན་ལ་འཚམས་འདྲིར་ཕེབས་འཆར་ཡོད་ཀྱང་། ད་ལྟ་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མས་ཨ་མི་རི་ཀའི་དབུས་གཞུང་གི་ལོ་རེའི་འགྲོ་གྲོན་ལ་ཆོག་མཆན་བཀོད་མེད་པས། ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབ་དགོས་ཐུབ་པ་དང་། སྲིད་འཛིན་ཨོ་བྷ་མ་རྒྱལ་ནང་གི་ཛ་དྲག་ལ་བརྟེན་ནས་མ་ལེ་ཞི་ཡ་དང་ཧྥི་ལི་ཕིན་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན་བྱས་འདུག དེར་བརྟེན་སྲིད་འཛིན་ཨོ་བྷ་མས་ཨེ་ཤི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་རུང་། ཨ་མི་རི་ཀའི་རྒྱལ་ནང་གི་ཆབ་སྲིད་ཀྱི་གནོད་དོན་ཞིག་གིས་སྲིད་འཛིན་ཨོ་བྷ་མ་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན་བྱས་པ་དེས་སྲིད་འཛིན་ཨོ་བྷ་མ་རང་ཉིད་ཀྱང་ངོ་ཚ་དགོས་པ་ཞིག་ལ་གྱུར་ཡོད་པ་རེད།།
XS
SM
MD
LG