ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༦/༡༧

ནོར་མན་ཌིར་དཔུང་འཇུག་བྱས་ནས་ལོ་༨༠་འཁོར་བའི་དུས་དྲན་ཚུགས།


ཧྥ་རན་སིའི་ནོར་མན་ཌི་མཚོ་ཁར་དུས་དྲན་མཛད་སྒོ་ཚོགས་པ་དེར་འཛམ་གླིང་རྒྱལ་ཁབ་བཅུ་གྲངས་ཤིག་གི་འགོ་ཁྲིད་ཚོ་མཉམ་ཞུགས་བྱས་འདུག
ཧྥ་རན་སིའི་ནོར་མན་ཌི་མཚོ་ཁར་དུས་དྲན་མཛད་སྒོ་ཚོགས་པ་དེར་འཛམ་གླིང་རྒྱལ་ཁབ་བཅུ་གྲངས་ཤིག་གི་འགོ་ཁྲིད་ཚོ་མཉམ་ཞུགས་བྱས་འདུག

༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་དང་། དེ་བཞིན་འཛམ་གླིང་དམག་གཉིས་པའི་དམག་ཞབས་ཟུར་པ་ཚོ་ཧྥ་རན་སི་བཅིངས་འགྲོལ་གྱི་དཔུང་འཇུག་དམག་ལ་ཞུགས་ནས་ལོ་༨༠་འཁོར་བའི་དུས་དྲན་མཛད་སྒོར་འདུས། ཕྱི་ཟླ་༦་པའི་ཚེས་༦་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་རི་དང་དབྱིན་ཇི། ཧྥ་རན་སི་སོགས་ཀྱིས་ན་ཛི་འཇར་མན་ཎིའི་དམག་དཔུང་ལ་འཐབ་རྒོལ་བྱས་པ་དང་དེང་སྐབས་བཙན་དབང་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་གཉིས་འདྲ་མཚུངས་རེད་ཅེས་བསྡུར། དེ་རིང་གཟའ་ཕུར་བུའི་ཉིན་ཧྥ་རན་སིའི་ནོར་མན་ཌི་མཚོ་ཁར་དུས་དྲན་མཛད་སྒོ་ཚོགས་པ་དེར་འཛམ་གླིང་རྒྱལ་ཁབ་བཅུ་གྲངས་ཤིག་གི་འགོ་ཁྲིད་ཚོ་མཉམ་ཞུགས་བྱས་འདུག མནའ་འབྲེལ་དམག་དཔུང་གིས་ནོར་མན་ཌི་ནས་དཔུང་འཇུག་བྱས་ཏེ་ལོ་༧༥་འཁོར་བའི་དུས་དྲན་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་དམག་མི་ཟུར་པ་ཚོའི་བློས་གཏོང་དང་མཛད་རྗེས་ལ་བསྔགས་བརྗོད་ཞུས།།

༡༩༤༤་ལོའི་ཕྱི་ཟླ་༦་པའི་ཚེས་༦་ཉིན་ཨ་མི་རི་ཀའི་དམག་མི་༧༣༠༠༠་དང་དབྱིན་ཇི་དང་ཁེ་ན་ཌའི་དམག་མི་༨༣༠༠༠་ལྷག དམག་སྤྱི་ཆལ་སི་ཌི་གྷོལ་གྱིས་འགོ་ཁྲིད་པའི་ཧྥ་རན་སིའི་དམག་མི་དང་རྒྱལ་ཁབ་གཞན་གྱི་དམག་དཔུང་གིས་ཧྥ་རན་སིའི་བྱང་ཕྱོགས་སུ་ཆགས་པའི་ནོར་མན་ཌིའི་མཚོ་ཁར་དཔུང་ཆེན་དྲངས།
༡༩༤༤་ལོའི་ཕྱི་ཟླ་༦་པའི་ཚེས་༦་ཉིན་ཨ་མི་རི་ཀའི་དམག་མི་༧༣༠༠༠་དང་དབྱིན་ཇི་དང་ཁེ་ན་ཌའི་དམག་མི་༨༣༠༠༠་ལྷག དམག་སྤྱི་ཆལ་སི་ཌི་གྷོལ་གྱིས་འགོ་ཁྲིད་པའི་ཧྥ་རན་སིའི་དམག་མི་དང་རྒྱལ་ཁབ་གཞན་གྱི་དམག་དཔུང་གིས་ཧྥ་རན་སིའི་བྱང་ཕྱོགས་སུ་ཆགས་པའི་ནོར་མན་ཌིའི་མཚོ་ཁར་དཔུང་ཆེན་དྲངས།

ལོ་༨༠་ཐམ་པའི་གོང་དུ་ཨ་རི་དང་དབྱིན་ཇི་སོགས་ཀྱི་མནའ་འབྲེལ་དམག་དཔུང་གིས་ཧྥ་རན་སིའི་ནོར་མན་ཌི་མཚོ་ཁར་དཔུང་འཇུག་བྱས་ཏེ་འཇར་མན་ན་ཛའི་བཙན་འཛུལ་དམག་མཐར་སྐྲོད་བཏང་ནས་རྒྱལ་ཁ་ཐོབ། ད་ལྟ་ལོ་༨༠་ཐམ་པའི་རྗེས་སུ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཡུ་རོབ་གླིང་དུ་དམག་འཁྲུག་ལངས། ཡུ་རོབ་གླིང་གི་དམག་འཁྲུག་དེས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག ཨ་རི་དང་ཡུ་རོབ་ཀྱི་སྲིད་དོན་པ་ཚོར་གནོན་ཤུགས་ཆེན་པོ་ཐེབས། ད་ལྟའི་དམག་འཁྲུག་གིས་སྐབས་འགར་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་བར་དུ་འགལ་ཟླ་བསླངས། འོན་ཀྱང་ཨ་རི་དང་ཡུ་རོབ་གཉིས་ཀས་དམག་འཁྲུག་ལ་མིའི་ཚེ་སྲོག་དང་དཔལ་འབྱོར་གྱི་འགྲོ་གྲོན། མང་ཚོགས་ཀྱིས་བརྗོད་དུ་མེད་པའི་སྡུག་བསྔལ་མྱོང་དགོས་པ་རྣམས་ངོས་ཟིན། ནོར་མན་ཌིར་དཔུང་འཇུག་བྱས་ནས་ལོ་༨༠་འཁོར་བའི་མཛད་སྒོ་དེར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གདན་འདྲེན་ཞུས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མུ་མཐུད་དུ་རྒྱབ་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུ་བའི་གོ་སྐབས་ཐོབ།།

གཡས་ཀྱི་གཉིས་པ་དབྱིན་ཇིའི་སྲིད་བློན་དྲང་སྲོང་སུ་ནག་དང་། གཡས་ཀྱི་གསུམ་པ་དབྱིན་ཇིའི་རྒྱལ་པོ་ཆལ་སི་གསུམ་པ་དང་བཙུན་མོ་ཁཱ་མེ་ལཱ། གཡས་ཀྱི་བཞི་པ་ཧྥ་རན་སིའི་སྲིད་འཛིན་ཨེ་མན་ནུལ་མེག་ཀོན་དང་ལྕམ་པུ་རི་ཇི་ཊེ་མེག་ཀོན་བཅས།
གཡས་ཀྱི་གཉིས་པ་དབྱིན་ཇིའི་སྲིད་བློན་དྲང་སྲོང་སུ་ནག་དང་། གཡས་ཀྱི་གསུམ་པ་དབྱིན་ཇིའི་རྒྱལ་པོ་ཆལ་སི་གསུམ་པ་དང་བཙུན་མོ་ཁཱ་མེ་ལཱ། གཡས་ཀྱི་བཞི་པ་ཧྥ་རན་སིའི་སྲིད་འཛིན་ཨེ་མན་ནུལ་མེག་ཀོན་དང་ལྕམ་པུ་རི་ཇི་ཊེ་མེག་ཀོན་བཅས།

ཕྱི་ཟླ་༦་པའི་ཚེས་༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༤༤་ལོའི་ཕྱི་ཟླ་༦་པའི་ཚེས་༦་ཉིན་ཨ་མི་རི་ཀའི་དམག་མི་༧༣༠༠༠་དང་དབྱིན་ཇི་དང་ཁེ་ན་ཌའི་དམག་མི་༨༣༠༠༠་ལྷག དམག་སྤྱི་ཆལ་སི་ཌི་གྷོལ་གྱིས་འགོ་ཁྲིད་པའི་ཧྥ་རན་སིའི་དམག་མི་དང་རྒྱལ་ཁབ་གཞན་གྱི་དམག་དཔུང་གིས་ཧྥ་རན་སིའི་བྱང་ཕྱོགས་སུ་ཆགས་པའི་ནོར་མན་ཌིའི་མཚོ་ཁར་དཔུང་ཆེན་དྲངས། འཇར་མན་ཎིའི་དམག་མི་༥༠༠༠༠་ལྷག་གིས་མནའ་འབྲེལ་དམག་དཔུང་ལ་འགོག་རྒོལ་བྱས་ནས་ཧྥ་རན་སི་བཅིངས་འགྲོལ་གྱི་དམག་འཁྲུག་མགོ་བརྩམས། ཨ་རི་སོགས་རྒྱལ་ཁབ་བཅུ་གྲངས་ཤིག་གི་མཚོ་དམག་དང་གནམ་དམག སྨན་པ་དང་སྨན་ཞབས་པ་བཅས་མནའ་འབྲེལ་དམག་མི་ས་ཡ་༢་ལྷག་ཧྥ་རན་སི་བཅིངས་འགྲོལ་གྱི་དམག་འཁྲུག་ལ་ཞུགས། ཕྱི་ཟླ་༦་པའི་ཚེས་༦་ཉིན་གྱི་ཞོགས་པའི་ཆུ་ཚོད་༦་དང་ཕྱེད་ཀའི་ཐོག་ཏུ་ཡུ་ཊ་དང་ཨོ་མ་ཧ། གྷོལ་ཊི་དང་ཇུ་ནོ། སོར་ཌི་ཞེས་མིང་བཏགས་པའི་མཚོ་ངོགས་ལྔ་ནས་དུས་གཅིག་ཏུ་མནའ་འབྲེལ་དམག་དཔུང་གིས་དཔུང་འཇུག་བྱ་རྒྱུ་འགོ་ཚུགས།།

སྔ་ནུབ་དེར་ཨ་རིའི་སྐམ་དམག་གདུགས་མཆོང་བརྒྱབ་སྟེ་འཇར་མན་དམག་གི་མེ་སྒྱོགས་འཛུགས་ཡུལ་ཁག་བླངས། ཨ་རིའི་འཕྲལ་སྒྲུབ་དམག་བྲག་དང་གཡང་ངོས་སུ་འཛེགས་ཏེ་འཇར་མན་དམག་གི་བཙན་རྫོང་རྣམས་ཕྲགས། མནའ་འབྲེལ་དམག་དཔུང་གི་དམག་འཐབ་གནམ་གྲུ་༡༡༠༠༠་ཡས་མས་དང་དམག་གྲུ་༧༠༠༠་ཐམ་པ། ད་དུང་ལྕགས་ཁྲབ་འཁོར་ལོ་དང་འཐབ་འཁོར་སྟོང་ཕྲག་མང་པོ་འཐབ་འཁྲུག་གི་ཆེད་དུ་བཀོལ་སྤྱོད་བྱས་ཤིང་། དཔུང་འཇུག་གི་ཉིན་མོ་གཅིག་པུར་ཨ་རིའི་དམག་མི་༢༥༠༡་ཚུད་པའི་མནའ་འབྲེལ་དམག་མི་༤༤༡༤་བསད་པ་དང་དམག་མི་༥༠༠༠་ལྷག་རྨས། ནོར་མན་ཌིའི་དཔུང་འཇུག་གཞུག་ཏུ་མནའ་འབྲེལ་དམག་མི་༧༣༠༠༠་བསད་པ་དང་མི་༡༥༣༠༠༠་རྨས། མནའ་འབྲེ་དམག་དཔུང་གིས་ཧྥ་རན་སིའི་གྲོང་གསེབ་དང་གྲོང་ཁྱེར་ཁག་ལ་འབར་མདེལ་འཕངས་ནས་མི་མང་དཀྱུས་མ་༢༠༠༠༠་ལྷག་གི་ཚེ་སྲོག་ཤོར།།

དཔུང་འཇུག་གི་ཉིན་མོ་གཅིག་པུར་ཨ་རིའི་དམག་མི་༢༥༠༡་ཚུད་པའི་མནའ་འབྲེལ་དམག་མི་༤༤༡༤་བསད་པ་དང་དམག་མི་༥༠༠༠་ལྷག་རྨས།
དཔུང་འཇུག་གི་ཉིན་མོ་གཅིག་པུར་ཨ་རིའི་དམག་མི་༢༥༠༡་ཚུད་པའི་མནའ་འབྲེལ་དམག་མི་༤༤༡༤་བསད་པ་དང་དམག་མི་༥༠༠༠་ལྷག་རྨས།

ནོར་མན་ཌིའི་དཔུང་འཇུག་ཉིན་འཇར་མན་ཎིའི་དམག་མི་ཅི་ཙམ་བསད་རྨས་བྱུང་མིན་གྲངས་ཀ་གསལ་པོ་མི་རྙེད། ལོ་རྒྱུས་ཉམས་ཞིབ་པ་ཚོས་ཉིན་དེར་འཇར་མན་ཎིའི་དམག་མི་༤༠༠༠་ནས་༩༠༠༠་ཡས་མས་ཤིག་བསད་རྨས་བྱུང་བ་དང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཚོད་དཔག་བྱས་འདུག ནོར་མན་ཌིའི་མཚོ་འགྲམ་གྱི་དུར་ཁྲོད་ཁག་ཏུ་འཇར་མན་ཎིའི་དམག་མི་༢༢༠༠༠་ཡས་མས་ཤིག་གི་ཕུང་པོ་སྦས། ད་ལྟ་ལོ་༨༠་ཐམ་པའི་ཡར་སྔོན་གྱི་དཔུང་འཇུག་ཉིན་ཚེ་སྲོག་ཐར་པ་དང་ལོ་ན་ཆུང་ཤོས་རྣམས་ཀྱང་ལོ་༩༠་གོ་གྲངས་སུ་སོན། གཟའ་ཕུར་བུའི་མཛད་སྒོར་ཕེབས་པའི་དམག་ཞབས་ཟུར་པ་མང་ཆེ་བ་ལོ་༡༠༠་ལྷག་ཡིན་ཞིང་། ཁོ་ཚོ་ཚང་མས་དམག་འཁྲུག་ལ་སྡུག་བསྔལ་གྱི་མཇུག་འབྲས་ལས་ཅི་ཡང་མེད་ཅེས་མགྲིན་དབྱངས་གཅིག་གྱུར་དུ་གླེང་། ཨ་རི་རྒྱལ་ཡོངས་སུ་ནོར་མན་ཌིའི་དཔུང་འཇུག་ལ་ཞུགས་པའི་དམག་མི་ཟུར་པ་ཅི་ཙམ་འཚོ་གནས་ཡིན་མིན་གྲངས་ཀ་གསལ་པོ་མེད་པ་དང་ཨ་རིའི་དམག་ཞབས་ཟུར་པའི་ལས་དོན་ལྷན་ཁང་གིས་ཀྱང་གྲངས་ཀ་ལེན་གྱི་མེད་པའི་གནས་ཚུལ་ཐོན་འདུག

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨུ་རུ་སུའི་དམར་དམག་གིས་འཇར་མན་ན་ཛིའི་དམག་ལ་འཐབ་རྒོལ་བྱས་ནས་མནའ་འབྲེལ་དམག་དཔུང་ཁོངས་སུ་ཡོད་ཀྱང་ནོར་མན་ཌིར་དཔུང་འཇུག་བྱས་ནས་ལོ་༨༠་འཁོར་བའི་མཛད་སྒོ་དེར་སྲིད་འཛིན་ཕུ་ཊིན་མགྲོན་འབོད་བྱས་མེད་པར་མ་ཟད། ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་ནས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པ་རེད། དེ་ནི་ལོ་རབས་༤༠་པ་ནས་ཡུ་རོབ་གླིང་དུ་བྱུང་མྱོང་མེད་པའི་དམག་འཁྲུག་ཆེ་ཤོས་དེ་ཡིན་པས་ཕུ་ཊིན་དཔུང་འཇུག་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་འོས་འཚམས་མ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཧྥ་རན་སི་རྒྱལ་ཡོངས་སུ་ནོར་མན་ཌིའི་མཚོ་ཁར་མནའ་འབྲེལ་དམག་དཔུང་བསླེབས་པའི་ཉིན་མོ་དེར་གདུང་ཤུགས་དྲག་པོས་རྗེས་དྲན་ཚུགས་སྲོལ་ཡོད་པ་ལྟར་དེ་རིང་གཟའ་ཕུར་བུའི་ཉིན་ཡང་དུས་དྲན་སྲུང་བརྩི་ཞུས་འདུག

ལོ་༡༠༡་ལ་སོན་པའི་ཨ་རི་བ་བྷོབ་གྷིབ་སོན་
ལོ་༡༠༡་ལ་སོན་པའི་ཨ་རི་བ་བྷོབ་གྷིབ་སོན་

ནོར་མན་ཌིར་དཔུང་འཇུག་བྱས་ནས་ལོ་༨༠་འཁོར་བའི་རྗེས་དྲན་མཛད་སྒོར་ཨ་རི་དང་དབྱིན་ཇི་སོགས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་དམག་ཞབས་ཟུར་པ་༢༠༠་ཡས་མས་ཤིག་ཕེབས་ཡོད་པ་སྟེ། ལོ་༡༠༡་ལ་སོན་པའི་ཨ་རི་བ་བྷོབ་གྷིབ་སོན་ནི་ནོར་མན་ཌིའི་ཡུ་ཊ་མཚོ་འགྲམ་ནས་དཔུང་འཇུག་བྱེད་མཁན་དམག་མིའི་གྲས་སུ་ཡོད་ཅིང་། ཁོང་གིས་ངས་དཔུང་འཇུག་དེ་ཁ་སང་བྱུང་བ་ལྟར་གསལ་པོར་དྲན་གྱི་འདུག ང་ཚོའི་འཐབ་གྲོགས་ཕ་གསར་མང་ཆེ་བ་ཕ་རོལ་གྱི་མཚོ་འགྲམ་དུ་འབྱོར་ཐུབ་མ་སོང་། ངས་ཅི་ཞིག་མཐོང་བ་དེར་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག དཔུང་འཇུག་དེ་སྐྱི་གཡའ་བ་ཞིག་རེད། ང་ད་དུང་ཡང་མཚམས་རེར་དགོང་མོ་གཉིད་ལངས་བྱེད་ཀྱི་འདུག་ཅེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཤད་འདུག ལོ་ན་༦༦་ལ་སོན་པའི་ཧྥ་རན་སི་བ་ཞིག་གིས་ང་ཚོས་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་བྱས་ནས་དམག་འཁྲུག་དང་དམར་གསོད་རྣམས་མཚམས་ཆད་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་ཨ་རིའི་དམག་ཞབས་འདས་པོའི་དུར་ཁྲོད་དུ་མེ་ཏོག་ཕུལ།།

ཕྱི་ཟླ་༦་པའི་ཚེས་༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མིང་འདོན་མ་བྱས་པའི་ཕྱི་འབྲེལ་མི་སྣ་ཞིག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ནོར་མན་ཌིར་དམག་དཔུང་བྱས་ནས་ལོ་༨༠་འཁོར་ཡང་ཡུཀ་རེན་གྱི་དམག་འཁྲུག་མཚམས་ཆད་ཐུབ་ཀྱི་མེད་པ་དང་དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ལངས་ཡོད་པ་བཅས་ལ་བལྟས་ཚེ། དུས་རབས་སྔོན་མར་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་གཉིས་ཀ་ལངས་ནས་རྡུལ་ཕྲན་མཚོན་ཆ་འཕངས་ཀྱང་འགྲོ་བ་མི་ལ་སློབ་གསོ་ཞིག་མ་ཐོབ་པ་འདྲ། ཧྥ་རན་སི་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་མནའ་འབྲེལ་དམག་དཔུང་གིས་རྒྱབ་བྱས་པ་ལྟར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་དགོས། ལྷག་པར་དུ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་མཛད་སྒོ་འདིར་གདན་འདྲེན་ཞུས་པ་གནད་འགག་ཆེན་པོ་རེད་ཅེས་བཀྲལ། ཡིན་ནའང་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་དམངས་གཙོ་དང་རང་དབང་གི་ལམ་ལུགས་ལ་རྒྱབ་འགལ། བཙན་རང་དབང་རིང་ལུགས་ལ་དགའ་མོས་བྱེད་པའི་སྲིད་དོན་པ་དང་སྲིད་དོན་ཚོགས་པ་ཁག་སྟོབས་ཤུགས་རྒྱས་བཞིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG