ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༸གོང་ས་མཆོག་དབུ་བཞུགས་ཐོག་རྔ་པའི་འདས་གསོན་རྣམས་ཀྱི་ཆེད་དུ་སྨོན་ལམ་མཆོད་འབུལ།


༸གོང་ས་མཆོག་དབུ་བཞུགས་ཐོག་རྔ་པའི་འདས་གསོན་རྣམས་ཀྱི་ཆེད་དུ་སྨོན་ལམ་མཆོད་འབུལ།
༸གོང་ས་མཆོག་དབུ་བཞུགས་ཐོག་རྔ་པའི་འདས་གསོན་རྣམས་ཀྱི་ཆེད་དུ་སྨོན་ལམ་མཆོད་འབུལ།

ཕྱི་ཟླ་༣ པའི་ཚེས་༡༦ ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བ་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་བཟུང་། ད་བར་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་ཀིརྟི་དགོན་པ་མཐའ་བསྐོར་ནས་དམ་བསྒྲགས་བྱེད་བཞིན་ཡོད་པ་དང་། ཉེ་དུས་ཤིག་ནས་ཀིརྟི་དགོན་པའི་གྲྭ་དམངས་ལ་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་པའི་བསམ་བློའི་སློབ་གསོ་བཏང་སྟེ། གཟའ་མིག་དམར་ཉིན་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་རྔ་པའི་འདས་གསོན་རྣམས་ཀྱི་ཆེད་དུ་སྨོན་ལམ་མཆོད་འབུལ་དང་། ཀིརྟི་བྱེས་པ་གྲྭ་ཚང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་སོགས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་མིག་དམར་གྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG