ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

པོར་ཊི་ལན་གྱི་མི་རིགས་ནག་པོའི་ཚེ་སྲོག་བརྩི་མཐོང་ལས་འགུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་མངའ་སྡེ་ཨོ་རེ་གྷན་གྱི་གྲོང་ཁྱེར་པོར་ཊི་ལན་ནང་སྲིད་འཛིན་ཊམ་གྱིས་བཏང་བའི་དབུས་གཞུང་གི་ཁྲིམས་འཛིན་ལས་དོན་མི་སྣ་དང་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བའི་བར་གདོང་ཐུག་གི་གནས་ཚུལ་རིམ་པར་བྱུང་བ་དང་། ད་ལྟ་ངོ་རྒོལ་བ་རྣམས་ཀྱིས་ཨ་རིའི་ནང་མི་རིགས་དབྱེ་འབྱེད་མེད་པ་ཡོང་བར་སླར་ཡང་ཤུགས་སྣོན་རྒྱག་བཞིན་པ་རེད།།

ཨ་རིའི་མངའ་སྡེ་ཨོ་རེ་གྷན་གྱི་གྲོང་ཁྱེར་པོཊི་ལན་ནང་སྲིད་འཛིན་ཊམ་གྱིས་བཏང་བའི་དབུས་གཞུང་གི་ཁྲིམས་འཛིན་ལས་དོན་མི་སྣ་དང་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བའི་བར་གདོང་ཐུག་གི་གནས་ཚུལ་རིམ་པར་བྱུང་བ་དང་། དབུས་གཞུང་གི་ཁྲིམས་འཛིན་ལས་དོན་མི་སྣ་ས་གནས་ནས་ཕྱིར་འཐེན་བྱས་པ་ཡིན་ན། ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་འགྲོ་རྒྱུ་དང་དེ་བཞིན་ངོ་རྒོལ་བ་རྣམས་ཀྱིས་ཀྱང་ཐོགམའི་དགོས་དོན་ཨ་རིའི་ནང་མི་རིགས་དབྱེ་འབྱེད་མེད་པ་ཡོང་བར་སླར་ཡང་ཤུགས་སྣོན་རྒྱག་ཐུབ་པ་ཞིག་ཆགས་ཀྱི་ཡོད།།
XS
SM
MD
LG