ཨ་མི་རི་ཀས་མཁའ་ཐོག་ནས་གཏོར་རྒོལ་བཏང་སྟེ་ཨི་རན་གྱི་ཆེས་མཐོའི་དམག་སྤྱི་ཞིག རྐྱེན་ལམ་དུ་བཏང་བའི་རྗེས། ཡུ་རོབ་རྒྱལ་ཁབ་ཁག་གིས་དཀྱིལ་ཤར་ཡུལ་གྲུའི་ནང་ཟིང་ཆ་རྒྱ་བསྐྱེད་འགྲོ་སྲིད་པར་བློ་འཚབ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེས་བློ་ཕམ་བྱུང་ཡོད་ལུགས་འགྲེལ་བརྗོད་གནང་སྟེ། ཨ་མི་རི་ཀའི་བྱ་སྤྱོད་དེར་རྒྱལ་ཁབ་ཚང་མས་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།།