ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིས་སི་ལོ་ཝྭེ་ཎི་ཡར་རྒྱ་ནག་གི་བརྡ་འཕྲིན་ཉེན་ཁ་ཡོད་པའི་ཉེན་བརྡ།


༄༅།། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་དེང་སྐབས་དབུས་དང་ཤར་ཡུ་ཡོབ་ཀྱི་རྒྱལ་ཁབ་ཁག་བཞི་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། ཐོག་མར་ཅེག་སྤྱི་མཐུན་རྒྱལ་ཁབ་དང་དེ་ནས་རེས་གཟའ་ཕུར་བུའི་ཉིན་སི་ལོ་ཝྭེ་ཎི་ཡར་ཕེབས་འབྱོར་གྱིས་རྒྱལ་ཁབ་དེའི་འབྲེལ་ཡོད་མཐོ་རིམ་འགོ་ཁྲིད་ཚོར་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་བྱས་ན་ཉེན་ཁ་ཆེན་པོ་ཡོད་པར་མ་ཟད། སྔོན་ཆད་གྲང་དམག་འཁོན་འཛིང་དུས་ཀྱི་ཨུ་རུ་སུ་ལས་ཀྱང་རྒྱ་ནག་ཉེན་ཁ་ཆེ་བ་འདུག སི་ལོ་ཝྭེ་ཎི་ཡའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཡོ་ཆས་བེད་སྤྱོད་བྱ་རྒྱུ་མེད་པའི་སྐུལ་ལྕག་བཏང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་སྤེལ་བའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG