༄༅།། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཕོ་ལན་ཌིའི་གསང་ལས་ཁུངས་ཀྱི་དམིགས་བསལ་ལས་སྣེ་ཟུར་པ་ཞིག་སྟེ། རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ལས་བྱེད་པ་ཟུར་པ་དེར་གསང་ཉུལ་གྱི་ཉེས་དོན་ཐོག་ཏུ་ཕྱི་ཟླ་༦་པའི་ཚེས་༡་ཉིན་ཝོར་སོ་ཁྲིམས་ཁང་དུ་ཁྲིམས་ར་ཚོགས་ཡོད་ཅིང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་མ་འོངས་པར་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲུལ་རབས་༥་པའི་འཕྲིན་གཏོང་མ་ལག་བཀོལ་སྤྱོད་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་འི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།