ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་འབྲེལ་བའི་སྐོར་གྱི་དཔེ་དེབ་ཅིག་གི་བརྗོད་བྱ།


༄༅།། འགྱུར་ལྡོག་ཤིན་ཏུ་ཆེ་བའི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ནི་དེང་སང་ཆེས་ཐབས་རྡུགས་ཤིག་ཏུ་གྱུར། ན་ནིང་ཕྱི་ཟླ་༦་པའི་ནང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་ལག་འཛིང་དྲག་པོ་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་དང་རྒྱ་ནག་གི་དམག་མི་གང་འཚམ་ཞིག་ལ་སྲོག་སྐྱོན་ཕོག་ཡོད་ཅིང་། དེ་ནི་ལོ་བཅུ་ཕྲག་བཞིའི་རྗེས་སུ་འཐབ་འཛིང་བྱུང་བ་ཆེས་སྡུག་ཤོས་སུ་རྩི་འཇོག རྒྱ་དཀར་ནག་གི་དམག་དཔོན་ཚོས་གྲོས་སྡུར་ལན་མང་བྱས་མིན་ལ་མ་ལྟོས་པར་རྒྱལ་ཁབ་གཉིས་ཀྱི་དམག་མི་ཚོར་ཧིན་བོད་ས་མཚམས་སུ་འཐབ་རྩོད་འབྱུང་མུས་ཡིན་པ་སོགས་ཀྱི་སྐོར། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཝྭི་ཇཱེ་གྷོ་ཁ་ལེས་བརྩམས་པའི་དཔེ་དེབ་གསར་པ་ཞིག་གི་བརྗོད་བྱ་རྣམས་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྡུས་གནང་བ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG