ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧྥི་ལི་ཕིན་གྱི་སྲིད་འཛིན་གྱིས་རྒྱ་ནག་གི་བཙན་དྲག་ལ་སྔོན་བརྡ།


ཧྥི་ལི་ཕིན་གྱི་སྲིད་ཨ་ཁི་ཎོར་ཨ་མི་རི་ཀའི་ཎིའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་བཅར་འདྲི་ཞུས་ཏེ། སྲིད་འཛིན་ཨོ་ཁི་ཎོས་ཧྥི་ལི་ཕིན་གྱི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་བཏང་བའི་གྲུབ་འབྲས་དང་། ཁོང་གིས་ཧྥི་ལི་ཕིན་གྱི་གཞུང་འབྲེལ་མི་སྣ་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་གཙང་དག་ཇི་ལྟར་བྱེད་ཀྱི་ཡོད་མེད། སྔོན་ཆད་ཧྥི་ལི་ཕིན་ལ་ཨེ་ཤི་ཡའི་ནད་གཅོང་རྒྱལ་ཁབ་ཟེར་པ་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས། གཞན་གྱི་མ་རྩ་འཛུགས་སའི་རྒྱལ་ཁབ་ཅིག་ལ་ཇི་ལྟར་བསྒྱུར་དགོས་མིན་དང་། སྲིད་འཛིན་ཨ་ཁི་ཎོ་འཕོ་འགྱུར་སོང་བའི་རྗེས་སུ་སྲིད་ཇུས་དེ་དག་རྒྱུན་འཁྱོངས་བྱ་ཐུབ་རྒྱུ་ཡིན་མིན། ལྷག་པར་དུ་རྒྱ་ནག་དང་ཧྥི་ལི་ཕིན་སོགས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཡོད་པའི་གནད་དོན་སོགས་ལ་གླེང་སློང་ལྷུག་པོ་བྱས་ཡོད་པ་རེད།།
XS
SM
MD
LG