ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

པ་ཀི་སི་ཐན་གྱི་གྲོས་ཚོགས་སོགས་ཀྱི་ལས་དུས་ཚང་བ།


ཕྱི་ལོ་༢༠༠༨་ལོར་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་པ་ཀི་སི་ཐན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་དབུས་སྲིད་གཞུང་གི་འགོ་ཁྲིད། ཞིང་ཆེན་སྲིད་གཞུང་ཁག་གི་འགོ་ཁྲིད་ཚོའི་ལོ་ལྔའི་ལས་དུས་ཡོངས་སུ་ཚང་ཞིང་། དེར་བརྟེན་ལོ་འདིའི་ཕྱི་ཟླ་༥་ནང་པ་ཀི་སི་ཐན་ལ་བསྐྱར་དུ་སྤྱི་ཡོངས་འདོམས་བྱ་རྒྱུའི་དུས་ཚོད་གཏན་འབེབས་བྱས་ཡོད་པ་དེ་ནི། པ་ཀི་སི་ཐན་གྱི་ལོ་རྒྱུས་སུ་དམངས་གཙོའི་ལམ་ནས་སྲིད་དབང་འཕོ་འགྱུར་བྱུང་བའི་ལམ་སྲོལ་གསར་པ་ཞིག་ལ་འགྱུར་གྱིན་ཡོད་པ་དང་། ད་སྔ་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་པ་ཀི་སི་ཐན་གྱི་སྲིད་གཞུང་ཚང་མ་དམག་གིས་སྲིད་འགྱུར་བཏང་ནས་ལས་དུས་ཆ་ཚང་དུ་བཅུག་མེད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཨ་ཡ་ཟི་གུལ་གྱིས་སྤེལ་པའི་གནས་ཚུལ་དེ་ཚེ་རིང་སྐྱིད་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG