ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

པ་ཀི་སི་ཐན་གྱིས་ཡུ་གུར་བའི་གནད་དོན་གླེང་གི་མེད་པ།


༄༅།། ཨོཀ་ཛི་ཡོ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་གི་ཡོད་ཀྱང་པ་ཀི་སི་ཐན་གྱི་གཞུང་དང་སྲིད་བློན་ཨིམ་རན་ཁན་གཉིས་ཀས་རྒྱ་ནག་གི་འགོ་ཁྲིད་ཚོར་ཡུ་གུར་བའི་བདེ་སྡུག་གླེང་སློང་ཅི་ཡང་བྱེད་ཀྱི་མེད་ཅིང་། གསར་འགོད་པ་སྲིད་བློན་ཨིམ་རན་ཁན་ལ་ཞིན་ཅང་གི་གནད་དོན་སོགས་དྲི་བ་དྲིས་ཀྱང་རྒྱ་ནག་ནི་ང་ཚོའི་གྲོགས་པོ་ཡག་ཤོས་ཀྱི་གྲས་ཤིག་དང་ང་ཚོར་དཔལ་འབྱོར་རོགས་སྐྱོར་གནང་མཁན་དེ་ཡིན་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG