ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་པ་ཀིས་ཏན་ལ་དམག་མཁོའི་ཡོ་བྱད་སྤྲོད་རྒྱུའི་འཆར་གཞིར་ཨབ་གྷན་གྱིས་ངོ་རྒོལ།


ཨབ་གྷ་ནིས་ཏན་གྱི་ནང་ས་འོག་འབར་རྫས་ཀྱིས་གཏོར་སྐྱོན་གཏོང་མི་ཐུབ་པའི་ཨ་མི་རི་ཀའི་མཚོན་ལྡན་རླངས་འཁོར་ཆིག་སྟོང་ཉིས་བརྒྱ་ཐམ་པ་ཡོད་པ་དེ་དག ཨ་མི་རི་ཀར་ཕྱིར་འདྲེན་བྱ་རྒྱུར་འགྲོ་སོང་ཧ་ཅང་ཆེ་བར་བརྟེན། རླངས་འཁོར་དེ་དག་ཨབ་ག་ནིས་ཏན་གྱི་ཁྱིམ་མཚེས་ཡུལ་གྲུ་པ་ཀིས་ཏན་ལ་སྤྲོད་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་ཀྱང་། དེ་ལ་ཨབ་གྷ་ནིས་ཏན་གཞུང་གིས་ངོ་རྒོལ་བྱས་ཏེ། དམག་མཁོའི་ཡོ་ཆས་དེ་དག་ཨབ་གྷ་ནིས་ཏན་གྱི་ནང་འཇོག་དགོས་ལུགས་རྗོད་ཀྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཨཱ་ཡྫ་ གྷུལ་གྱིས་སྤེལ་བའི་གནས་ཚུལ་དེ་ ཡེ་ཤེས་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG