ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་ཕྱོགས་འགལ་ཚོགས་པས་འགྲོ་འོང་བཀག་སྡོམ་བྱ་དགོས་ཟེར།


༄༅།། དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་བྱེ་བ་༢་ལྷག་བརྒལ་ཟིན་ཡོད་ཅིང་། རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱིས་ནད་དུག་ཁྱབ་གདལ་སྔོན་འགོག་ཆེད་དུ་སྐབས་ཤིག་གི་རིང་ལ་རྒྱལ་ནང་དུ་འགྲོ་འོང་བཀག་སྡོམ་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་མ་ཟད། སྲིད་བློན་མོ་དྷིའི་གཞུང་གིས་ནད་ཡམས་སྔོན་འགོག་བྱེད་ཐུབ་ཀྱི་མེད་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG