ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༨/༡༣

བོད་ཀྱི་རིག་གཞུང་བཙན་བསྒྱུར་མཚམས་འཇོག་དགོས་པའི་ལས་འགུལ།


༄༅།། བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ཟླ་༦་པའི་ཚེས་༡་སྟེ། རྒྱ་ནག་གི་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་མོར་ཞིས་ཅིན་ཕིང་ལ་བོད་ཀྱི་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་མཚམས་འཇོག་བྱ་དགོས་པའི་ཡོངས་ཁྱབ་འཕྲིན་ཡིག་ཅིག་སྤྲིངས་འདུག་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་འཕྲིན་ཡིག་དེར་རྒྱ་ནག་གཞུང་གིས་ཁྲིམས་དང་སྲིད་ཇུས་གསར་པ་གཏན་འབེབས་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་གི་འདུག བོད་མི་རིགས་འདི་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་སྲིད་ཇུས་དེ་དག་མཚམས་འཇོག་བྱ་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་སྣ་མང་འདུས་པའི་རྒྱལ་ཁབ་ཅིག་ཡིན་པས་མི་རིགས་ཁག་ལ་ཆེས་མཐོང་དང་བརྩི་འཇོག་བྱེད་དགོས། རྒྱ་ནག་གི་རྩ་ཁྲིམས་སུ་མི་རིགས་ཁག་གི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་དགོས་པ་སོགས་གསལ་ཡོད་ཀྱང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་གྲལ་རིམ་གཉིས་པ་ལྟ་བུ་ཞིག་ལ་བསྒྱུར་ནས་ཤེས་ཡོན་དང་སྐད་ཡིག ཆོས་ལུགས་སོགས་ལ་ཁྲིམས་གཞི་བསྐྱར་བཅོས་དང་སྲིད་ཇུས་གསར་གཏོད་ཀྱིས་བོད་ཀྱི་རིག་གཞུང་བཙན་བསྒྱུར་སོགས་ཀྱིས་གྲངས་ཉུང་མི་རིགས་ཁག་ལ་རང་སྐྱོང་གི་ཐོབ་ཐང་ཡོད་པ་རྣམས་ནུས་མེད་དང་རྩ་མེད་གཏོང་གི་ཡོད་པ་སོགས་བཀོད་ཡོད། ཞིས་ཅིན་ཕིང་ལ་གནས་འཕྲིན་དེ་འཕྲོད་ནས་ཡིག་ལན་འབྱོར་རྒྱུའི་རེ་བ་འཆང་གི་མེད། བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཏུ་ཕྱོགས་མང་པོ་ཞིག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་རེ་བ་འཆང་གི་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

ཞིས་ཅིན་ཕིང་ལ་སྤྲིངས་པའི་ཡོངས་ཁྱབ་ཀྱི་འཕྲིན་ཡིག་དེར་རྒྱ་ནག་གཞུང་གིས་དེང་སྐབས་བོད་ལ་ལག་བསྟར་བྱེད་བཞིན་པའི་ཤེས་ཡོན་དང་སྐད་ཡིག་གི་ཁྲིམས་སྲོལ་དང་སྲིད་ཇུས་དེ་དག་ལ་བསྐྱར་ཞིབ་བྱ་དགོས། རྒྱ་ཡིག་གཙོ་བོར་བཟུང་སྟེ་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་སྣང་མེད་གཏོང་བའི་སྲིད་ཇུས་དེ་མཚམས་འཇོག་བྱ་དགོས་པ་དང་སློབ་གྲྭ་ཁག་ཏུ་བོད་པའི་བྱིས་པ་སུ་འདྲ་ཞིག་ཡིན་རུང་བོད་སྐད་དང་བོད་ཡིག་སྦྱོང་སྤྱོད་ཆོག་པ། གྲངས་ཉུན་མི་རིགས་ཀྱི་སློབ་གྲྭ་ཁག་ཏུ་མི་རིགས་རང་གི་ཕ་སྐད་ཐོག་ཏུ་སློབ་སྦྱོང་བྱེད་ཆོག་པའི་ཐོབ་ཐང་སྤྲོ་དགོས་པ་སོགས་དོན་ཚན་དགུ་བཀོད་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG