ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྐུའི་ཡང་སྲིད་ནི་༧གོང་ས་མཆོག་གང་ཉིད་ཀྱིས་ཐག་གཅོད་མཛད་དགོས།


༄༅།། ད་རེས་ཉེས་དུས་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་གྱི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་མ་འོངས་པར་སྐུའི་ཡང་སྲིད་དང་བོད་ཀྱི་རྩ་དོན་ལ་འབྲེལ་བ་ཡོད་པའི་གནད་དོན་ཁག་ཅིག་བཅར་འདྲི་ཞུས་འདུག་ཅིང་། སྲིད་སྐྱོང་གིས་མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་ནི་མགོན་པོ་གང་ཉིད་ཀྱིས་ཐག་གཅོད་གནང་དགོས་པ་དང་གཞན་པ་སུ་གཅིག་ལ་ཐེ་ཇུས་བྱེད་ཆོག་པའི་དབང་ཆ་མེད་ཅེས་ལན་འདེབས་གནང་འདུག་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG