ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལ་དྭགས་སུ་ཤིང་སྣ་ཆིག་འབུམ་ལྔ་ཁྲི་འདེབས་འཛུགས།


རེས་གཟའ་ཉི་མའི་ཉིན་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་རྩིས་དང་འབྲེལ་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་ལམ་སྟོན་འོག་ལ་དྭགས་བྱང་ཐང་ཆུ་ཤུལ་ས་གནས་སུ་ཤིང་སྣ་ཆིག་འབུམ་ལྔ་ཁྲི་འདེབས་འཛུགས་གནང་ནས་ཁོར་ཡུག་ཐོག་ཞབས་འདེབས་རླབས་ཆེན་གནང་འདུག་པ་དང་། དེ་ཡང་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་དེ་ནི་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་གསར་འཛུགས་གནང་པའི་སྐྱེས་ལྡན་སྔོ་ལྔངས་ལ་འབད་པ་ཞེས་པའི་ལས་གཞིའི་འོག་འདས་པའི་ཟླ་བ་གསུམ་གོང་ནས་འགོ་འཛུགས་གནང་བ་ཞིག་ཡིན་ཅིིང་། ལས་འགུལ་དེའི་ནང་ལ་དྭགས་པ་དང་རྒྱ་གར་དམག་མི་༣༥༠༠ ལྷག་མཉམ་བཞུགས་གནང་འདུག་པ་བཅས་ཀྱི་སྐོར། དིལླི་ནས་འདི་གའི་གསར་འགོད་པ་བསྟན་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་ལ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG