ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ཨོ་མི་ཀོར་རོན་ནད་དུག་ཁྱབ་གདལ།


༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཀ་ལི་ཀ་ཏ། མུམ་བྷེ་དང་ཅེ་ནེ་སོགས་གྲོང་ཁྱེར་ཆེ་ཁག་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་དེ་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་ནད་པ་ཚོ་ཛ་དྲག་གི་གནས་སུ་ལྷུང་སྟེ་སྨན་ཁང་ལ་སྨན་བཅོས་བྱེད་དུ་ཡོང་མཁན་ཀྱི་གྲངས་འབོར་དམའ་མོ་ཡིན་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG