ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉི་ཧོང་གིས་ལྟད་མོ་བ་ཁྲི་གཅིག་རེ་ཡོང་ཆོག་ཅེས་གསལ་བསྒྲགས།


༄༅།། རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་ཨོ་ལིམ་ཕིཀ་རྩེད་འགྲན་བཀོད་སྒྲིག་པ་ཚོས་ཕྱི་ཟླ་༧་པའི་ཚེས་༢༣་ནས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་གྲོང་ཁྱེར་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་རྩེད་ཐང་ཁག་ལ་ཉི་ཧོང་གི་ལྟད་མོ་བ་ཁྲི་གཅིག་རེ་ཡོང་ཆོག་ཅེས་རེས་གཟའ་ཟླ་བའི་ཉིན་ལ་གསལ་བསྒྲགས་བྱས་འདུག ཐག་གཅོད་འདི་འཕྲོད་བསྟེན་ཆེད་ལས་མཁས་པ་ཚོས་ལྟད་མོ་བ་མེད་པར་རྩེད་འགྲན་འཚོགས་ན་ཉེན་ཁ་ཆུང་ཤོས་རེད་ཅེས་ཉེན་བརྡ་བཏང་བར་རྒྱབ་འགལ་བྱུང་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG