ངོ་འཕྲད་བདེ་བའི་དྲ་འབྲེལ།

Officials forced Tibetans to stop Hosting Prayer flags in Qinghai


Officials forced Tibetans to stop Hosting Prayer flags in Qinghai
please wait

No media source currently available

0:00 0:03:46 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་དཔལ་ཡུལ་ཕྱོགས་སུ་བཀོད་ཁྱབ་བཏང་སྟེ་རི་མགོར་རླུང་རྟ་གཏོར་པ་དང་དར་ལྕོག་འཛུགས་མི་ཆོག   བྲག་ངོས་སོགས་སུ་མ་ཎི་དང་སྐུ་འདྲའི་རིགས་བརྐོས་ཡོད་པ་རྣམས་བསུབ་དགོས་ཞེས་བཀའ་རྒྱ་བཏང་ཡོད་པའི་གནས་ཚུལ་ཐོན།  ད་ལྟ་ཕྱི་ཟླ་༧་པའི་ཚེས་༡༣་ཉིན་གསར་ཏུ་བོད་ནས་ཐད་ཀར་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན།   མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མཚོ་ལྷོ་ཁུལ།   བྲག་དཀར་རྫོང་གཙོས་རྫོང་ཁག་སོ་སོའི་བོད་སྡེ་ཁག་གི་རྒྱ་ཆེའི་མང་ཚོགས་ཀྱིས

༄༅།། ཉེ་ཆར་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་དཔལ་ཡུལ་ཕྱོགས་སུ་བཀོད་ཁྱབ་བཏང་སྟེ་རི་མགོར་རླུང་རྟ་གཏོར་པ་དང་དར་ལྕོག་འཛུགས་མི་ཆོག བྲག་ངོས་སོགས་སུ་མ་ཎི་དང་སྐུ་འདྲའི་རིགས་བརྐོས་ཡོད་པ་རྣམས་བསུབ་དགོས་ཞེས་བཀའ་རྒྱ་བཏང་ཡོད་པའི་གནས་ཚུལ་ཐོན། ད་ལྟ་ཕྱི་ཟླ་༧་པའི་ཚེས་༡༣་ཉིན་གསར་ཏུ་བོད་ནས་ཐད་ཀར་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མཚོ་ལྷོ་ཁུལ། བྲག་དཀར་རྫོང་གཙོས་རྫོང་ཁག་སོ་སོའི་བོད་སྡེ་ཁག་གི་རྒྱ་ཆེའི་མང་ཚོགས་ཀྱིས་རི་མགོར་དར་ལྕོག་འཐེན་པ་དང་རླུང་རྟ་གཏོར་པ། བྲག་ངོས་དང་རྡོ་ཐོག་ཏུ་མ་ཎི་དང་སངས་རྒྱས་ཀྱི་སྐུ་འདྲའི་རིགས་བརྐོས་ཡོད་པ་རྣམས་རྒྱལ་ཁབ་ཀྱི་བཀའ་ལྟར་བསུབ་དགོས་ཞེས་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་མི་ཞིག་གིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་པ་ཚོས་རི་མགོར་དར་ལྕོག་འཐེན་པ་དང་རླུང་རྟ་གཏོར་པ། བྲག་ངོས་སོགས་སུ་རྡོ་བརྐོས་ཀྱི་སྐུ་བརྙན་བཞེང་གི་ཡོད་པ་དེས་མིའི་ཀུན་སྤྱོད་དང་ཁོར་ཡུག་ལ་འབག་བཙོག་བྱེད་ཀྱི་འདུག་ཅེས་བསྒྲགས་མོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་པ་ཚོས་མ་ཎི་བཏོན་པ་དང་བྲག་བརྐོས་ཀྱི་སྐུ་འདྲ་བཞེངས་པ་དེས་མིའི་ཀུན་སྤྱོད་དང་ཁོར་ཡུག་ལ་འབག་བཙོག་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་འགྲེལ་བཤད་བརྒྱབ་མེད་ཅིང་། ད་དུང་འདས་བའི་ལོ་༢༠་ཡས་མས་ཤིག་ལ་བོད་ས་ཁག་ཏུ་སྡེ་པ་དང་སྡེ་པ། ཚོ་ཤོག་དང་ཚོ་ཤོག་བཅས་མཉམ་དུ་འདུས་ནས་མ་ཎི་དང་སྒྲོལ་མ་གསོག་སྒྲུབ་ཀྱི་སྤྱི་རིམ་སྒྲུབ་སྲོལ་ཡོད་པའང་འཚོགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། རྫོང་དང་ཁུལ་གྱི་ཉེན་རྟོག་པ་དང་ཆོས་ལུགས་ལས་དོན་གྱི་ལས་བྱེད་པ་རྣམས་སྡེ་པ་སོ་སོར་སླེབས་ནས་སྤྱི་རིམ་གསོག་སྒྲུབ་བྱེད་མི་ཆོག་པ་དང་མ་ཎི་འདོན་མི་ཆོག མི་སྐྱ་ཕོ་མོ་རྣམས་མཉམ་དུ་འདུས་ནས་ཞབས་རིམ་བསྒྲུབ་མི་ཆོག་ཅེས་སྔོན་བརྡ་བཏང་ཞིང་། དེར་བརྟེན་ད་ལོ་ནས་སྤྱི་རིམ་གསོག་སྒྲུབ་འཚོགས་རྒྱུ་མཚམས་བཅད། དགོན་པ་སོ་སོའི་ནང་དུའང་ལོ་ལྟར་རི་དགོན་གཉིས་ཀྱི་ཞབས་རིམ་ཆེད་དུ་བཀའ་འགྱུར་དག་སྒྲོགས་དང་ཞབས་རིམ་སྒྲུབ་པ་སོགས་ཀྱི་བྱེད་སྒོ་དུ་མ་ཞིག་སྤེལ་བཞིན་པ་ཕལ་ཆེ་བ་འཚོགས་ཐུབ་རྒྱུ་ཁག་པོ་ཡིན་པས་རྒྱ་གཞུང་གི་སྲིད་ཇུས་དེར་མང་ཚོགས་ཀྱིས་འདོད་མོས་མེད་པའི་བསམ་འཆར་འབྱུང་གི་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG