ཀོ་རི་ཡའི་དམག་འཁྲུག་སྐབས་ཀྱི་དམག་ཞབས་པ་རྣམས། གཏིང་བརྗེད་དུ་ གྱུར་པའི་དམག་འཁྲུག་ཅིག་གི་དམག་ཞབས་པ་ཡིན་པ་དྲན་གསོ་བྱེད་པ་ལས་ ལྷག་པའི་ཆེ་མཐོང་ཆེ་བ་བྱེད་དགོས་པ་དང་། ཁོང་རྣམས་ནི། དམངས་གཙོ་དང་ རང་དབང་དར་སྤེལ་གཏོང་པའི་ས་བོན་འདེབས་འཛུགས་བྱེད་མཁན་ ཡིན་པ་དྲན་གསོ་བྱེད་པའི་ཐོག་ནས། ཨ་མེ་རི་ཀ་བ་ཡོངས་རྫོགས་ཀྱིས་ཁོང་ཚོར་གུས་ བཏུད་ཞུ་དགོས་པ་ཡིན་ཞེས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རེས་གཟའ་སྤེན་པའི་ ཉིན་གཏམ་བཤད་གནང་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ ཞུས་པ་ཞིག་གསན་གྱི་རེད།