ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨོ་བྷ་མས་བྱང་ཀོ་རི་ཡར་ཉེན་བརྡ།


ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཉི་ཧོང་ནས་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཡོད་ཅིང་། བྱང་ཀོ་རི་ཡས་སླར་ཡང་རྡུལ་ཕྲན་མཚོན་ཆ་ཞིག་ཚོད་ལྟ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པས། སྲིད་འཛིན་ཨོ་བྷ་མས་བྱང་ཀོ་རི་ཡའི་གཞུང་གིས་སྡིགས་ར་བསྐུལ་ན་སོ་སོ་རྒྱལ་སྤྱིའི་ཐོག་ཏུ་སྔར་ལས་ལྷག་པའི་གྲོགས་མེད་ཁེར་རྐྱང་དུ་ལྷག་རྒྱུ་ལས་ཕན་ཐོགས་གཞན་པ་ཅི་ཡང་མེད། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་དཔུང་པ་མཉམ་གཤིབ་བྱས་ནས་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་བྱང་ཀོ་རི་ཡ་དམར་ཤོག་རྒྱལ་ཁབ་ཅིག་ནམ་ཡང་ཁས་ལེན་བྱ་རྒྱུ་མིན། བྱང་ཀོ་རི་ཡས་འཁྲུག་རྩོད་འབའ་ཞིག་སློང་བའི་བྱ་སྤྱོད་དེས་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡང་སྡུག་ཏུ་སོང་ཡོད་ཅེས་ལྷོ་ཀོ་རི་ཡའི་སྲིད་འཛིན་ཕག་གིན་ཧེ་དང་མཉམ་དུ་སྐོང་བའི་གསར་འགོད་ལྷན་ཚོགས་ཐོག་ཏུ་དེ་ལྟར་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG