ཨ་མི་རི་ཀའི་ཆབ་སྲིད་ནང་སྲིད་འཛིན་ཨོ་བྷ་མ་མཆོག་གི་ལས་དོན་ལ་མང་ཚོགས་ཀྱིས་རྒྱབ་སྐྱོར་ཚད་གཞི་དམའ་བོ་ཆགས་ཡོད་པ་དང་ ཕྱི་ཟླ་བཅུ་གཅིག་པའི་བར་མའི་འོས་བསྡུ་སྐབས་གྲོས་ཚོགས་གོང་འོག་གཉིས་ནས་མ་མཐར་གཅིག་ཁ་གཏད་སྤྱི་མཐུན་ཚོགས་པའི་སྟངས་འཛིན་འོག་ཕྱིར་ལོག་བྱ་རྒྱུའི་རེ་བ་ཆེན་པོ་ཡོད་པ་གནད་དོན་དཔྱད་ཞིབ་པ་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པ་བཅས་་ འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གས་གསར་འགོད་པ་ཇིམ་ མེ་ལོ་ནི་ཡིས་ ཨ་མི་རི་ཀའི་ཆབ་སྲིད་འགྱུརའགྲོས་སྐོར་དཔྱད་ཞིབ་བྱས་ཏེ་རྒྱལ་ས་ཝ་ཤིང་ཀྲོན་ནས་སྤེལ་བས་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།