ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨོ་བྷ་མའི་ཉི་ཧོང་གི་འཚམས་འདྲི།


༄༅།། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཉི་ཧོང་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲི་འདི་རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་གླིང་འགའ་ཞིག་གི་བདག་དབང་བརྩད་ནས་འགལ་ཟླ་ཆེ་རུ་སོང་སྟེ། ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་ཛ་དྲག་གི་དུས་སུ་སྲིད་འཛིན་ཨོ་བྷ་མ་ཉི་ཧོང་ལ་ཕེབས་པ་ཞིག་ཡིན་པས། ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེས་སྲིད་འཛིན་ཨོ་བྷ་མ་རྒྱལ་ས་ཀྲོག་ཁིའོ་གྲོང་ཁྱེར་གྱི་འབྲས་དང་ཉ་ཤ་རྫན་པ་མཉམ་དུ་སྦྱར་པའི་སུ་ཤི་ཟ་ཁང་ཞིག་ལ་གདན་འདྲེན་ཞུས་ཏེ། སྲིད་འཛིན་ཨོ་བྷ་མ་དང་སྲིད་བློན་ཨ་བྷེ་གཉིས་ཀྱིས་བཀའ་མོལ་གཙོ་བོ་ཨ་མི་རི་ཀ་དང་ཉི་ཧོང་གི་མཉམ་འབྲེལ་རྒྱལ་སྲུང་ཆིངས་ཡིག་དེའི་ཁྱབ་ཚད་དང་། ལྷག་པར་དུ་ཉི་ཧོང་གི་འཛིན་སྐྱོར་འོག་ཏུ་ཡོད་པའི་གླིང་ཕྲན་ཁག་ཅིག་རྒྱ་ནག་གི་ས་ཆ་ཡིན་ཞེས་བདག་དབང་རྩོད་ཀྱི་ཡོད་པ་དེར་གྲོས་བསྡུར་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG