ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་བྷ་མའི་དྲག་སྤྱོད་པར་འཐབ་རྒོལ་གྱི་གཏམ་བཤད།


ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་ཚོས་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གདུག་རྩུབ་ཆེན་པོའི་ཟིང་འཁྲུག་སློང་གི་ཡོད་ཅིང་། ཁོ་ཚོའི་ཀླ་ཀློའི་བྱ་སྤྱོད་དེ་དག་འཛམ་གླིང་སྤྱི་ཡོངས་ཀྱི་མཐོང་ཆོས་སུ་གྱུར་ཡོད་པ་མ་ཟད། ཁ་ཆེ་དྲག་སྤྱོད་པ་ཚོས་ཨི་རཀ་དང་སི་རི་ཡའི་ས་ཆ་རྒྱ་ཆེན་ཞིག་ལ་དབང་སྒྱུར་བྱས་ནས་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་ཅིག་གསར་འདུག་བྱ་བར་ཕྱི་རྒྱལ་གྱི་འཐབ་མོ་བ་རྣམས་སྒྲིག་འཛུགས་དེའི་དམག་ཁོངས་སུ་བསྡུ་བཞིན་ཡོད་པས། སྲིད་འཛིན་ཨོ་བྷ་མས་ཟླ་བ་མང་པོར་སོམ་ཉིའི་དྲ་བར་ཚུད་པའི་རྗེས་སུ་ཁ་ཆེ་དྲག་སྤྱོད་པ་ཚོར་ཕར་རྒོལ་བྱ་དགོས་འི་འཐབ་ཇུས་ཤིག་འཛིན་དགོས་ཐུག་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG