ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བྱང་ཀོ་རི་ཡེའི་གནད་དོན་ཐད་གྲོས་འཆམ་བྱུང་ཡོད་ཀྱང་གཞན་གྱི་ཐད་བྱུང་ཐུབ་མེད་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་ཡིས་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དང་རྒྱུན་ལྡན་མ་ཡིན་པའི་ལྷན་འཛོམས་གྲོས་མོལ་ཞིག་གནང་ཡོད་པ་དེའི་ཐོག་ རྒྱ་ནག་གིས་ཨ་མི་རི་ཀའི་རིག་མཛོད་འཕྲུལ་ཆས་ཀྱི་ནང་ལྐོག་ཏུ་འཛུལ་ནས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་པའི་གནད་དོན་ཐད་གླེང་སློང་ཧ་ཅང་ཤུགས་ཆེན་པོ་གནང་སྟེ་ དཀའ་ངལ་འདི་སེལ་ཐབས་བྱ་རྒྱུ་དེ་ནི་ཡུལ་གྲུ་གཉིས་ཀྱི་འབྲེལ་བ་ལ་གལ་གནད་ཧ་ཅང་ཆེན་པོ་ཡིན་ཞེས་གསུངས་ཡོད་ཀྱང་ དེ་ལ་རྒྱ་ནག་གི་སྲིད་འཛིན་གྱི་ཕྱོགས་ནས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་བྱུང་མེད་པ་དང་ ཡིན་ནའང་ བྱང་ཀོ་རི་ཡེའི་གནད་དོན་ཐད་ཕྱོགས་གཉིས་མོས་མཐུན་དང་གྲོས་འཆམ་ཞིག་བྱུང་ཐུབ་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG