ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༢༣

ཨོ་བྷ་མའི་ཨེ་ཤི་ཡའི་འཚམས་འདྲིར་ཕྱིར་འཐེན།


༄༅།། ཐོག་མའི་འཆར་གཞི་ལྟར་ན་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་ཨིན་དུ་ཎེ་ཞི་ཡའི་བྷ་ལི་ས་གནས་སུ་འཚོགས་ཀྱི་ཡོད་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དང་། དེ་ནས་རྦུ་རུ་ཎེར་འཚོགས་ཀྱི་ཡོད་པའི་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཚོགས་ཆེན་ལ་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད། ད་ལོའི་ཚོགས་ཆེན་དེའི་ཞོར་དུ་སྲིད་འཛིན་ཨོ་བྷ་མ་ཧྥི་ལི་ཕིན་དང་མ་ལེ་ཞི་ཡ་གཉིས་ལའང་འཚམས་འདྲིར་ཕེབས་ཏེ། ཨ་མི་རི་ཀ་དང་གོང་འཁོད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་དུས་ཚོད་གཏན་འབེབས་བྱས་ཀྱང་། སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མས་གཞུང་གི་ལོ་རེའི་འགྲོ་གྲོན་ལ་ཆོག་མཆན་བཀོད་མེད་པ་དང་། ཕྱི་ཟླ་༡༠་ཚེས་༡་ནས་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཕལ་ཆེ་བ་སྒོ་བརྒྱབ་ཅིང་། སྲིད་འཛིན་ཨོ་བྷ་མས་རྒྱལ་ནང་གི་ཆབ་སྲིད་ཀྱི་གནད་དོན་དེར་གདོང་ལེན་བྱེད་དགོས་པས་ཉི་མ་གཉིས་ཀྱི་གོང་དེར་སྲིད་འཛིན་ཨོ་བྷ་མ་ཧྥི་ལི་ཕིན་དང་མ་ལེ་ཞི་ཡ་གཉིས་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན་བྱས་པ་དང་། ད་ལྟ་སྲིད་འཛིན་ཨོ་བྷ་མ་ཨིན་དུ་ཎེ་ཞི་ཡ་དང་རྦུ་རུ་ཎེར་འཚོགས་ཀྱི་ཡོད་པའི་རྒྱལ་སྤྱིའི་ཚོགས་ཆེན་གལ་ཆེན་གཉིས་ལའང་མཉམ་ཞུགས་གནང་རྒྱུ་ཕྱིར་འཐེན་བྱས་ཏེ། ཨེ་ཤི་ཡའི་རྒྱལ་ཁབ་ཁག་སྲིད་འཛིན་ཨོ་བྷ་མས་ཨ་རིའི་གཞུང་གིས་ཨེ་ཤི་ཡ་གནད་འགག་ཆེན་པོར་རྩི་བཞིན་ཡོད་ཅེས་གཏམ་བཤད་ལན་མང་བྱས་པ་བདེན་པར་བརྩི་ཉན་མིན་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG