ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་བྲོས་བྱོལ་བ་ཞིག་ལྷོ་ཀོ་རི་ཡའི་གྲོས་འཐུས་ལ་གྱུར།


༄༅།། བྱང་ཀོ་རི་ཡ་ནས་བྲོས་བྱོལ་དུ་ཡོང་སྟེ་ལྷོ་ཀོ་རི་ཡར་མགོ་བཏགས་ཞུས་པའི་བྱང་ཀོ་རི་ཡའི་ཕྱི་འབྲེལ་དཔོན་རིགས་ཟུར་པ་ཞིག་ཐེངས་འདིའི་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་དུས་སུ་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད་ཅིང་། ཁོང་གིས་སོ་སོའི་ཉམས་མྱོང་དང་རྒྱབ་ལྗོངས་ལ་བརྟེན་ནས་བྱང་ཀོ་རི་་ཡའི་འགོ་ཁྲིད་ཀིམ་ཇུང་ཨེན་གྱི་དབང་སྒྱུར་ལ་སྐྱོན་བརྗོད་དང་ཁ་རྡུང་བཏང་ཡོད་པའི་སྐོར། དབྱིན་ཇིའི་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཝྭི་ཀ་སོགས་ཀྱིས་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ནས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG