ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༡༢/༠༢

བྱང་ཀོ་རི་ཡས་ཨ་རི་བ་ཞིག་ལ་ལོ་བཅུའི་ཁྲིམས་ཐག་བཅད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ན་ནིང་ཕྱི་ཟླ་༡༠་ནང་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀའི་མི་ཁོངས་ཡིན་པའི་སྐྱེས་པ་ཀིམ་ཏོང་ཆུལ་ཞེས་པ་ཞིག་འཛིན་བཟུང་བྱས་ཏེ། དེ་རིང་ཕྱི་ཟླ་༤་ཚེས་༢༩་ཉིན་བྱང་ཀོ་རི་ཡའི་ཆེས་མཐོ་ཁྲིམས་ཁང་གིས་ཨ་རི་བ་ཀིམ་ཏོང་ཆུལ་ལ་དམར་ཤོག་རྒྱལ་ཁབ་དེའི་དམག་དོན་གསང་བའི་གནས་ཚུལ་རྐུ་ཐབས་བྱས་པ་དང་སོ་མྱུལ་བྱས་པ། ཀིམ་ཏོང་ཆུལ་གྱིས་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ནས་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག་ཅིང་། མདང་དགོང་ཀིམ་ཏོང་ཆུལ་ལ་ལག་ལྕགས་བརྒྱབ་ནས་བྱང་ཀོ་རི་ཡའི་བཙོན་སྲུང་བ་གཉིས་ཀྱི་བར་དུ་བཟུང་ཡོད་པའི་འདྲ་པར་ཞིག་བསྟན་པ་དེ་ལ་བལྟས་ཚེ། ལོ་ན་༦༢་ལ་སོན་པའི་ཀིམ་ཏོང་ཆུལ་ངལ་དུབ་ཀྱིས་མནར་ཡོད་པའི་རྣམ་པ་ཞིག་མངོན། ཐོག་མར་བྱང་ཀོ་རི་ཡའི་གཞུང་གི་ཁྲིམས་སྦྱོར་པས་ཀིམ་ཏོང་ཆུལ་ལ་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་དགོས་ཞེས་རྩོད་པ་བརྒྱབ་ཀྱང་། མཐའ་མཇུག་བྱང་ཀོ་རི་ཡའི་ཆེས་མཐོ་ཁྲིམས་ཁང་གིས་ལོ་བཅུའི་བཙོན་འཇུག་དང་ངལ་རྩོལ་སྒྱུར་བཀོད་བྱ་དགོས་པའི་ཁྲིམས་ཐག་བཅད་འདུག བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཀིམ་ཏོང་ཆུལ་ལ་ནག་ཉེས་བཙུགས་པ་ཚང་མ་ངོས་ལེན་བྱས་སོང་། ཁོ་པས་བྱང་ཀོ་རི་ཡའི་དབུས་དམར་ཤོག་ཚོགས་པ་དང་རྒྱལ་ཁབ། དམག་དོན་བཅས་ཀྱི་གསང་བའི་གནས་ཚུལ་རྣམས་བསྡུ་རུབ་བྱས་ཏེ། གཞན་གྱི་རྒྱུད་སྐུལ་འོག་གི་ལྷོ་ཀོ་རི་ཡའི་གཞུང་དེར་མཁོ་སྤྲོད་བྱས་ཡོད། ཀིམ་ཏོང་ཆུལ་གྱི་ནག་ཉེས་དེ་དག་ཧ་ཅང་གི་ཚབས་ཆེན་པོ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་ནག་ཉེས་དེ་དག་ངོ་མར་ཡོད་པའམ། ཡང་ན་ཀིམ་ཏོང་ཆུལ་ལ་བཙན་དབང་གིས་ནག་ཉེས་དེ་དག་ངོས་ལེན་བྱེད་དུ་བཅུག་པ་ཡིན་མིན་གསལ་བོ་མེད་པ་རེད།།

XS
SM
MD
LG